R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 240
[A:240]སླར་ཀུན་དགའ་དཔལ་བཟང་པོ་བ་དཔོན་སློབ་རྣམས་སྟག་ལུང་རིན་པོ་ཆེའི་དྲུང་དུ་བཀའ་ཆོས་ཞུ་བ་དང། རྔོག་པའི་དཀྱིལ་འཁོར་རྣམས་བཞེངས་པ་ལ་བཞག། ངེད་རང་དཔལ་འབྱོར་སོགས་ཉུང་བསྡུས་ཀྱི་ཡར་རྒྱབ་ཏུ་མའི་གདུང་རུས་ལ་རྒྱན་དྲུག་ཅིག་གི་བཞེད་ཡོད་པ་ཡར་རྒྱབ་བཟོ་བོ་མཁས་པས་ཐོན་ལ་རེ་ནས། ནཱ་རོ་པའི་རྒྱན་དྲུག་ཡིན་ཟེར་བ་ཞིག་ཀྱང་དཔེའི་ཕྱི་མོར་སྤྱན་དྲངས་ནས་སླར་ཡང་རྒྱབ་ཀྱི་དཔལ་འབྱོར་རབ་བརྟན་དུ་ཡོངས་པས་རྒྱན་དྲུག་ལ་རྨི་ལྟས་མ་ཆུད་པས་ཐེན་ནས། གསེར་ལྗང་རྡུང་གི་འཁོར་ལོ་ཞིག་དང་སྤྱང་ལུང་པའི་སྐུ་དངུལ་ལས་བསྒྲུབས་པ་ཞིག་བལ་པོ་ཨ་བྷ་ཤིང་ལ་ཁས་བཀོད་བྱས་རྗེས། དཔལ་འབྱོར་རབ་བརྟན་གྱི་ཕུའི་དཔལ་ཕུག་ཟེར་བའི་སྔོན་ཀུན་སྤངས་རིན་པོ་ཆེ་དང་ཆོས་རྗེ་དཔལ་འབྱོར་རབ་བརྟན་པས་དབེན་དགོན་གནང་བ་དེར་བདུད་རྩི་རིལ་བུའི་སྒྲུབ་པ་ཞིག་མ་ཕྱིན་པས་གནས་ཁང་དུ་སླེབ་འཕྲལ་འབྲུག་སྒྲ་ཤིན་ཏུ་ཆེ་བ་སྔར་རྣ་དབང་དུ་མ་སོན་པ་ཞིག་བྱུང་ཞིང། དེ་ནུབ་རྨི་ལྟས་ལ་བདུད་རྩི་རུང་བུ་སྒྲུབ་ལུགས་དུས་འཁོར་ལྟར་བགྱིས་ན་བཟང་ཟེར་བའི་ལུང་བསྟན་ངེས་གསལ་བྱུང་བས་དེ་ལུགས་བསྒྲུབས། དེར་དྲི་རོ་ལྷག་པར་བཟང་བ་དེ་དང། གཞིས་ཀའི་བར་ལ་ཐག་རིང་ཡོད་ཀྱང་བསྣམས་པ་དང། དེ་ནུབ་ནས་ཆར་སྙོམས་ཤིང་ཆེ་བ་དེ་རིང་གི་བར་རྒྱུན་མི་འཆད་འབབ་པས་ཁོང་རྣམ་པའི་ཐུགས་དགོངས་ཚིམ་པའི་དབང་ལས་ཡུམ་རིན་པོ་ཆེའི་བཀའ་ལུང་ལ་ཡང། བདུད་རྩི་རིལ་བུ་སྒྲུབ་ཏུ་མ་ཕེབས། བདུད་རྩིའི་ཟིམ་ཆར་འབེབས་སུ་ཕེབས་པར་སྣང་གསུང་བའི་དགྱེས་དགྱེས་མཛད་པ་བྱུང། མཚམ་གྲོལ་རྗེས་རང་ཇོ་ནང་གི་གདན་ས་ལ་འབོད་མིར་སྐུ་ཞང་རབ་བརྟན་པ་རྣམས་བྱོན་བྱུང་པས་རྟེན་