[A:242]པོས་གསང་སྟོན་བགྱིས་ཤིང། དེ་ནས་སྟག་ལུང་རིན་པོ་ཆེས་གནང་སྦྱིན་དཔག་མེད་སྩལ་བའི་བཀའ་དྲིན་ཟོང་དུ་བགྱིས་ཏེ་འཕན་ཡུལ་གྱི་ཉན་པོར་འོངས། དེར་ཉན་པོ་རིན་པོ་ཆེ་པ་སོགས་ལ་དབང་ཆོས་ཨེན་ཙམ་དང། ལྷག་པར་ཉན་པོའི་རི་བོ་དགེ་ལྡན་པ་རྣམས་ལོ་དུས་ཀྱི་གསང་བ་འདུས་པའི་སྒྲུབ་མཆོད་ཅིག་འདུག་པའི་དབུས་སུ་བོས་ནས། ཆོས་འབྲེལ་ཞུ་བ་ལ་གསང་བ་འདུས་པའི་རྒྱུད་དོན་གནད་དུ་འདོམས་པའི་བླ་མའི་རྣལ་འབྱོར་ཞིག་བྱས་པས་ཁོང་བརྒྱུད་པ་མང་པོ་འདུག་པ་ཧ་ལས་ཤིང་མོས་གུས་ཞེ་ནས་སྐྱེ་བ་བྱུང། དེར་བལྟས་དང་རྨི་ལམ་ལྷག་པར་རྩུབ་བཞིན་དུ་ནམ་མཁའ་ཁྱུང་རྫོང་ལ་བྱས་ནས་ཆོས་རྗེ་སྤྲུལ་སྐུའི་དྲུང་དུ་ཕྱིན་པས་ཐེལ་ཆུང་བྲག་ན་བཞུགས་པ་དང་མཇལ་བས་བཞུགས་གནས་ཀྱི་མིང་བཀྲ་ལ་ཡང་ཐེ་ཚོམ་བྱུང་ཞིང། དེར་ཁྱེད་རང་ལ་དམིགས་ནས་བསྒྲུབས་པ་ཡིན་གསུང་བའི་དཔྱིལ་བུ་ཅིག་ཏུ་ཉལ་བས་མཚན་ཕྱེད་ཙམ་ན་ལྷག་པར་ན་བའི་ཁྲག་དྲོན་སྐྱུག་པ་རང་བྱུང་བས་ཁོང་ཐམས་ཅད་སོ་མ་སོད་ལ་བཀོད། དེར་བསམ་པ་ལ་ད་ལན་རང་ཚེའི་འདུ་བྱེད་སྟོང་པ་འདྲ་སྙམ་པའི་ཡིད་ལ་འཛེར་བག་ཆེ་བ་བྱུང་སྐབས། ནང་པར་རང་ཐེལ་ཆུང་གི་མདུན་གྱི་ཡུལ་གྲོང་འདྲ་སྣང་བར་བསྐྱས་པས། བདག་ཐེལ་ཆུང་ནས་ཕྱིན་འཕྲལ་རང་ཁམས་སོར་གནས་བྱུང་ཀྱང། དེའི་ནང་པར་ཉི་ཤར་མན་མདངས་བདག་ན་བ་ཇི་ལྟ་བའི་ནད་ཀྱིས་དགེ་སློང་ཆོས་དཔལ་ལ་བཏབ་ནས་དེ་ཉིན་རང་ལ་གུམ། དེར་སེམས་ལ་བཟོད་བླགས་མེད་པའི་སྐྱོ་ཤས་ཆེ་བར་བྱུང་ཞིང། དེ་ནུབ་རང་ལྷ་སར་ཇོ་བོ་རིན་པོ་ཆེ་ལ་སྟག་ལུང་ནས་ཁྱེར་ཡོང་བའི་གསེར་གང་ཡོད་ཀྱི་ཞལ་གསེར་སྒྲོན་པ་དང་བསྙན་དར་དར་ཡུག་གཅིག། དཀར་མེའི་རྒྱུར་