R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 247
[A:247]པའི་གྲལ་ཞབས་བསྟེན་པའི་སྟོང་གྲོགས་བྱེད་དམ་སྨྲས་པ་ཇི་ལྟ་བ་བཞིན་བྱུང་ངོ༎ ཇོ་ནང་གི་བཀའ་སྲུང་ཡང་ཀུན་སྤངས་ཆེན་པོ་དང། བྱང་སེམས་པ། མཁས་བཙུན་པ་གསུམ་གྱི་སྐུ་རིང་ལ་ས་སྐྱ་པའི་གུར་ཞལ་རང་ལ་བྱེད་པ་ཡིན་འདུག་ཅིང། ཀུན་མཁྱེན་ཆེན་པོའི་སྐུ་རིང་ལ་རྣམ་སྲས་གསེར་ཆེན་ལ་གནང་བ་བྱུང་བས། སྒྲ་བསྒྱུར་ལོ་ཙཱ་བ་དང་ཆོས་རྒྱལ་ཕྱོགས་པ་སོགས་མན་རྣམས་གུར་གཉིས་དེ་བཞིན་འཇགས་པ་ཡིན་སྣང་ནའང། དེང་སང་དམག་ཟོར་ཆེ་བཙན་སོགས་འགྲེལ་མེད་རྣམས་མཆོད་ཀྱི་སྣང་བས། དམག་ཟོར་ནི་བོ་དོང་མཁན་ཆེན་བྱོན་དུས་ཁོང་རང་གི་ཕྱི་ལ་བརྫངས། ཆེ་བཙན་འདི་འཛིམ་ནས་བསྟན་འཛིན་བསོད་ནམས་རྒྱལ་མཚན་པའི་དུས་འབད་ནས་སྤྱན་དྲངས་ཟེར་བས། འཛིམ་པ་རང་ལ་སྤྱན་འདྲེན་ལ་ཤོག་བྱས་ནས་རྫོང་དགོས་སྙམ་པ་ཡིད་ལ་བྱུང་པའི་ནུབ་མོ་རྨི་ལམ་དུ། མི་དམར་བོངས་ཆེ་བ་བཞིན་རྒྱས་པ་ཅིག་མདུན་དུ་བྱུང་ངེད་ལ་ཕྱག་བསྩལ་ནས། བདག་བཀྲ་དུམ་དུ་བཞུགས་པའི་སྐབས་ནས་དམ་མནོས་པ་ལགས་ན་དེ་འཛིལ་དུ་ལོག་མི་འགྲོ་འདིར་ཀ་བསྡད་ནས་ཕྲིན་ལས་སྒྲུབ་པ་ལགས་སོ་ཟེར་བ་དང། དེའི་མོགས་ན་བུད་མེད་རྒྱན་ཆ་ཤིན་ཏུ་མཛེས་པ་ཅིག་འདུག་པ་ཡང་ངོ་ཆེན་བགྱིས་པའི་ནན་ཆེར་བྱེད་པ་སྙམ་ལ་གཉིད་སད་པས་བུད་མེད་དེ་སྨན་བཙུན་མ་ཡིན་པར་སྣང་བས། ད་འདིར་ཀ་བཞུགས་སུ་གསོལ་སྙམ་པའི་བློ་མདུན་ཡོད་པ་ཡིན། དེ་ལྟར་བྱར་ཆོས་གྲོལ་རྗེས་ཀྱང་སེམས་ཕེབས་པའི་ངང་ནས་ཕྱི་མཚམས་སུ་གནས་པའི་སྐབས། ཟླ་བ་བདུན་པའི་ཉེར་གཉིས་ལ་གོང་ནས་ནམ་མཁའ་རྒྱལ་མཚན་པ་གཤེགས་པའི་སྟབས་ནས་སླར་བཀའ་ལུང་འབོད་མི་གནང་བའི་ལུགས་ལྟར་ངམ་རིང་དུ་