R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 42
[A:42]རིང་པོ་སྒྱུར། ཟླ་བ་བརྒྱད་པ་དེ་རང་དུ་མཚམས་བསྡམས་ནས་བསྡད། སྐབས་དེར་ཚེ་འདི་བློས་མ་ཐོངས་པའི་མི་རྔུན་གྱི་ཁེངས་གྲགས་ཕྲ་མོས་སེམས་བསྐུལ། སློབ་གཉེར་གྱི་མཇུག་འཐུད་པའི་མདུན་པས། དོན་བདུན་ཅུ། ཡན་ལག་རྒྱས་བཤད། སྤྱི་མ་ཐལ་རྣམས་བློ་འཛིན་བྱས། བླ་མ་ཁམ་པའི་ངག་སློབ་ཀྱིས་བསྡུས་སྦྱོར་མང་བ་བརྩམས། སྟོན་ཆག་དུས། སློབ་དཔོན་རིན་པོ་ཆེས་ཡང་དབེན་དུ་ཕེབས། ཞག་བདུན་ཙམ་གདན་ཆགས་ནས། ཞལ་མཁྱེན་གྱི་རྣམ་པས་ངེད་ལ་ཕྱག་རྟགས་གནང་བ་ཀུན་གྱི་ནང་ན། མཚན་ཉིད་པ་སྐམ་པོ་ལ་བསྒོམ་མེད། སངས་མི་རྒྱ་གསུང་བའི་བཀའ་བཀྱོན་ཡང་ཡང་གནང་བྱུང་བས། ད་ལན་མཚན་ཉིད་པའི་བསྒོམ་ཆོས་ཤིག་འབུལ་དགོས་གསུང། བཙན་ཁ་བོ་ཆེའི་ལུགས་ཐེག་ཆེན་རྒྱུད་བླ་མའི་ཁྲིད་དང། ས་ཚབ་ནས་བརྒྱུད་པའི་དབུ་མ་ལྟ་ཁྲིད། ཀཱ་མ་ལ་ཤཱི་ལའི་བསྒོམ་རིམ་དྲིལ་དོན་ཆོས་རྗེ་རོང་སྟོན་གྱིས་མཛད་པ་རྣམས་ལ་ལུང་བཤད། ཐུགས་དགྱེས་པའི་ཞལ་འཕྲོས་མོ་རྒྱུས་མང་པོ་དང་སྤེལ་ནས་གནང་བས་ཐང་ཆད་པ་བསོས་པ་ལྟ་བུ་ཞིག་བྱུང། དུས་དེར་བ་ལུ་མེ་ཏོག་ས་ནས་བརྒྱུད་པའི་རིལ་བུའི་ལུང་ཞུས་ཏེ་བསྙེན་ཚད་ཞག་ཉེར་གཅིག་བར་ཆད་མེད་པར་བགྱིས། དེ་ནས་ཟླ་ཕྱེད་ཙམ་ནས་འབྲུམ་བུའི་ཐག་ཆོད། ཀུན་སྤངས་རྗེ་ཕེབས་ཟེར་བ་ཐོས་པས་ཡིད་མགུ། སླར་དགོན་པར་སྐྱེས། སློབ་གཉེར་ཆ་མཐུན་ཙམ་གྱི་ངང་ནས་ཀུན་སྤངས་རིན་པོ་ཆེ་ལ་འདོད་ཆོས་མང་བར་ཐོབ། དེ་དུས་གནང་བའི་ལམ་འབྲས་ལ་མ་ཞུགས། བཀའ་ལས་ཆོས་རྗེ་མཆོག་གྲུབ་པ་དང་ངེད་གཉིས་བདག་ཆེན་རིན་པོ་ཆེ་ལ་ལམ་འབྲས་ཟླ་བ་བཅོ་བརྒྱད་ལྷན་དུ་ཞུས་པའི་མཆེད་གྲོགས་ཡིན། ཁྱེད་རང་གིས་ཁོང་བའི་དྲུང་དུ་