R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 249
[A:249]བཞེས་པའི་གཏམ་སྐྱེལ་བ་ལ་གསོལ་དཔོན་ཡོན་ཏན་འབྱུང་བ་ལ་ཐོག་མར་བདག་ལ་ཟེར་མི་མི་འབྱོར་བ་ཙམ་བྱུང་མཐར། སྐད་བྱ་བཤད་བྱུང་བས་ངས་ན་ནིང་རང་བཙུག་ལག་ཁང་ལ་མེ་སྒྲ་ཡོང་ངེས་ཞེས་སྨྲས། སྔར་དུ་ཤེས་ཟིན་པས་སྡུག་བསྔལ་གསར་པ་མེད་ཅེས་ལབས་ཤིང། དེ་མཐུན་གྱི་ཞུ་ཡིག་ཀྱང་ཕུལ་ནས་ཁོང་རྣམས་ཀློག་རྗེས། འདར་གདོང་སྡེ་གསུམ་སོ་སོར་ཞག་ལྔ་ཙམ་གྱི་བར་དབང་ལུང་མང་དུ་བྱས་ནས་གཏིང་སྐྱེས་སུ་ཕྱིན། རྔོག་དབང་སྦྱོང་དཀྱིལ་སོགས་དང་ཁྲིད་བརྒྱ་ཚང་བར་བྱས། ཇོ་ནང་དུ་ཆོས་རའི་ལས་བཀོད་པ་བརྫངས་ནས་སྔར་གྱི་སར་བདུད་རྩི་རིལ་བུ་ཞིག་བསྒྲུབས་པས། གནས་དེར་མི་ཕལ་མང་པོས་འདུ་འཁོད་ཀྱི་ཉམས་པ་ལ་བརྟེན། འདུད་རྩི་རི་བུvc: བདུད་རྩི་རིལ་བུ ཕྱེ་མ་དང་ལྡེ་གུའི་སྐབས་ཕུན་སུམ་ཚོགས་པར་བྱུང། རིལ་བུའི་སྐབས་བམ་དྲི་དང་རུལ་བའི་རྣམ་པ་བྱས་ནས་འདོད་པ་བཞིན་མ་བྱུང། དེ་རྗེས་ལ་སྟོད་ཕྱོགས་ལ་འབོད་མི་བྱུང་བས་ཤེལ་དཀར་བར་ཕྱིན། མཆེད་པོ་མཁྱེན་རབ་དཔལ་གྱི་རྒྱ་མཚོའི་གཙོ་མཛད་ལས་སྟོད་ལྷོ་ཕྱོགས་ཀྱི་དཔོན་སྐྱ་མཚོ་སྒོ་བ། རྫར་གདོང་པ། བསམ་འགྲུབ་པ་སོགས་དྲག་བསྡུས་རྣམས་དང། ལྷ་བཙུན་ཆོས་རྗེ་དཔོན་སློབ་རྣམས་ལ། གང་ལ་གང་འདོད་ཀྱི་ཆོས་སྦྱིན་དང་རེ་བ་བསྒྲུབས་ནས། རིན་སྡིངས་ཀྱི་ལྕགས་ལ་བྱས། ངམ་རིངས་སུ་བཅག་མལ་གྱི་ངལ་གསོ་བསྟེན་ནས། རི་ཁྲོད་ཆེན་པོའི་དབྱར་ཆོས་ལ་སྔར་གྱི་ཆོས་མཚམས་སྲོག་རྩོམ་མན་གྱི་སྦྱོར་དྲུག་ཡོངས་སུ་རྫོགས་པ་ཆོས་རའི་གཟིམས་དཔྱིལ་ནས་བཤད་རྗེས། འདག་སྦྱར་བྱས་ནས་ཁ་ཏོན་འཕེལ་སྐབས་མར་ལམ་ཆོས་རྒྱལ་ཆེན་པོའི་དྲུང་ནས་ཀྱང་རི་ཁྲོད་ཆེན་པོར་ཕེབས་ཞལ་མཇལ། དེ་ནས་སྔར་ཡང་ཡར་ལམ་ཕེབས་སྐབས་