R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 251
[A:251]སྤྱན་དྲངས་ནས། རྗེ་བཙུན་རས་ཆུང་པ་ནས་བརྒྱུད་པའི་དཔལ་ཕྱག་ན་རྡོ་རྗེ་གཏུམ་མོ་ཁྱུང་ཉེར་གཅིག་མའི་དབང་འཕན་ནེ། དཔལ་འབྱོར་བདག་རང་གསུམ་པོས་ཞུས་ནས་ས་རིམས་དཔྱད། སྣར་ཐང་ཚོང་འདུས་འབྲོང་རྩེ་སོགས་ལ་བརྒྱུད་ནས་རྒྱལ་རྩེར་ཕྱིན། མཁན་རིན་པོ་ཆེའི་དྲུང་དང་མཇལ། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས། མགོན་པོ་སྟག་ཞོན་གྱི་རྗེས་གནང་སོགས་བཀའ་སྩལ་བཞིན་ཕུལ། འཕན་ནེ་དཔལ་འབྱོར་གཉིས་ལ་ཆོས་རྗེ་ཞལ་ཕུ་བ་ནས་བརྒྱུད་པའི་མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་དེ་བཀའ་འབྲེལ་དུ་ཞུར་བཅུག་དེར་དཔོན་ས་མངའ་རིས་རྒྱལ་མོས་ཆོས་འབྲེལ་མེད་པའི་དུས་ཉིད་ནས་ཕྱག་གི་བཀུར་བསྟི་འབུལ་བ་རྣམ་གཞག་རྒྱ་ཆེར་བསྩལ་ཞིང། དཔོན་ས་བདེ་བ་ཅན་མས་མཁན་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་ཕུལ་བའི་བཀའ་དབང་རྣམས་ལྷན་དུ་གསན། གནང་སྦྱིན་སོགས་ཡང་དག་མཛད། དེ་རྗེས་ཆོས་རྗེ་རིན་པོ་ཆེ་གསེར་གླིང་པ་སོགས་དང་དཔོན་དྲུང་གི་སྐུ་ངོ་རྣམས་ལ་དགོངས་བཞེད་ལྟར་བཀའ་ཆོས་མང་དུ་ཕུལ། དེ་དུས་སྡེ་པ་རིན་པོ་ཆེ་གན་པ་རྫོང་ན་བཞུགས་པས་དེ་རེས་མ་མཇལ། དེ་མཚམས་སྤོས་ཁང་དུ་སྤོས་ཁང་མཁན་ཆེན་པས་འབོད་མི་གནང་བ་ལྟར་ཕྱིན། སྤོས་ཁང་གི་ཚོགས་སུ་གྲུབ་རྒྱལ་མའི་ཚེ་དབང། མཁན་ཆེན་དྲུང། ཆོས་རྗེ་ཁའུ་བ། ཆོས་རྗེ་བྲག་བཀྲས་པ་རྣམས་ལ་བདེ་མཆོག་ནག་པོ་ཞབས་ལུགས་ཀྱི་དབང་སོགས་དགོངས་པ་ལྟར་བགྱིས། དེ་ནས་ཉ་མོའི་ལ་ལ་བྱས་ནུབ་ཆོས་ལུང་དུ་མཁན་ཆེན་རིན་པོ་ཆེ་དང་མཇལ། བཀའ་ཆོས་ཕྲན་བུ་འབུལ་བ་དང་ངལ་བསོ་བསྟེན། འཕན་ནེ་ལ་རྣམ་སྲས་སེར་ཆེན་གྱི་རྗེས་གནང་ཞིག་བཀའ་འབྲེལ་དུ་གནང་བའི་གསོལ་བཏབ་བྱས། དེར་ཀ་