[A:252]པད་ཁྱད་འཕགས་སོགས་འབུལ་བའི་རྣམ་གཞག་ཐུགས་དད་མོས་ལས་འོངས་པའི་བཀའ་དྲིན་ཡང་དག་པ་བསྩལ་ནས། སླར་ཡང་ལམ་མྱུར་བར་དཔྱད་གོང་དཀར་ཆོས་སྡེར་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་དང་མཇལ། རྒྱུན་ལྡན་གྱི་ཕྱག་མཇལ་རྟེན་ཁེབས་བཟང་བསྒྲིགས་དེ་ཕུལ་ནས་ཡར་རྒྱབ་ཏུ་སླེབ། རིམ་གྱིས་བྲིས་སྐུ་རྣམས་ཀྱི་དབུ་བཙུགས། སྡེ་པ་ལྷོ་པ་ཡང་དཔལ་འབྱོར་རབ་བརྟན་དུ་ཡོད་རིང་ཕེབས། སྨོན་ལམ་གྲོལ་རྗེས་མཚལ་མིན་དུ་ཞག་བཅག་མལ་བཞུགས་ནས། གོང་དཀར་གྱི་ཕོ་བྲང་ཆེན་པོར་དཔོན་ས་སྐྱོང་ཆོས་ཀྱི་རྒྱལ་མོའི་དྲུང་དུ་བཀའ་དབང་དགོངས་དབྱིངས་ལྟར་དུ་ཕུལ། ཆོས་སྡེར་རྒྱལ་སྟོན་བྱང་ཆུབ་དབང་རྒྱལ་བའི་དྲུང་དུ་དཔལ་མགོན་མ་ནིང་ནག་པོའི་སྲོག་དབང་བདག་ཅག་འཕན་དཔལ་འབྱོར་རྣམས་ཀྱིས་ལྷན་དུ་ཞུས། དཔལ་མགོན་ཞལ་བཞི་པ་གདོང་གཉན་ཅན་དཀར་སེར་དམར་ལྗང་སྟེ་ལས་བཞི་མགོན་པོའི་རྗེས་གནང་རྣམས་ཞུས། བདག་གིས་ཀྱང་འགྲུབ་རྒྱལ་མའི་ཚེ་ཁྲིད་འབར་ར་བས་མཛད་པའི་ཁྲིད་ལུང་ཕུལ། དེ་དུས་ནང་སོ་གཉན་པོ་གནས་པ་ལ་ཧོ་ཆལ་ཨུ་རྒྱན་ཟིའུ་མ། རྗེ་ཙོང་ཁ་བའི་ཕྱག་དྲིལ་རྭ་ལོག་རྩེ་ལྔ་ཁྱད་འཕགས་རྣམས་དང། དཔོན་ས་བདག་མོའི་བཀའ་ལུང་ཕྱག་དམ་ཞིབ་འཁོད་གནང་བས། སྡེ་པ་རྣམ་རྒྱལ་རབ་བརྟན་པའི་ཕྱག་ནས་ཀུན་མཁྱེན་ཆེན་པོའི་སྐུ་འདྲ་ཕྱག་ན་མདས་བཟང་མ་ཏིའི་ཕྱག་བཟོ་སྡེ་པ་སྒར་པའི་ཕྱག་ནས་དཔོན་དྲུང་ཤག་པའི་ཕྱག་ཏུ་བརྒྱུད་པའི་གྲགས་ཅན་དེ་ཡང་གེགས་མེད་པར་ལག་ཏུ་སོན།
དེ་ནས་ཆུ་ཤུལ། བ་དེ། མཚར་པ་སྣ། ལྗོང་སོགས་སུ་བཅག་མལ་རེ་བྱས་ནས་བ་དེར་འབོད་མི་གནང་བ་ལྟར་གདུང་བརྒྱུད་རིན་པོ་ཆེའི་ཞབས་དྲུང་དུ་འབྱོར། ཡབ་ཡུལ་ལྷན་དུ་རྡོ་