R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 253
[A:253]རྗེ་ཕུར་པའི་སྟོད་ལས་སྨད་ལས་སོགས་བཀའ་དབང་ཟབ་རྒྱས་མང་དུ་ཕུལ་རྗེས། ལྷ་སར་ཇོ་མཇལ་བྱས་ནས་གཞིས་ཀ་བྲག་དཀར་དང་སྤྱང་ལུང་བརྒྱུད་ནས་སྟག་ལུང་དུ་ཕྱིན། ཚོགས་པ་རྣམས་ལ་རྒྱུད་སྡེ་ལྔའི་དཀྱིལ་འཁོར་ཆེན་པོར་དབང་ཡང་ཡང་དང། ཞབས་དྲུང་སྐུ་འབྲིང་པའི་ཕྱག་ཕྱིར་སྡེ་པ་ལྷོ་པའི་དྲུང་བཀྲ་ཤིས་པ་སོགས་ལ་བསྙེན་རྫོགས། ཆོས་རྗེ་ཀུན་དགའ་བཀྲ་ཤིས་པའི་དྲུང་གི་དགེ་ཚུལ་མཛད་ནས་སླར་ལོག། མཁར་རྩེ་ལ་བྱས། ཡར་རྒྱབ་ཏུ་བྲིས་སྐུའི་ཞབས་དྲིལ་གྱི་གོང་ལག་ཏུ་གོས་གསེར་མའི་བེར་ཐུལ་ལུ་ཧཾ་ཅིག་དང། མཚལ་ཁ་རི་མོ་ཅན་སོགས་ཀྱིས་ཞབས་ཐེགས་པར་བྱས། ཞལ་ཁེབས་སོགས་དཔུས་གཙང་དང་རབ་གནས་ལེགས་པར་བསྒྲུབས་སྐབས། སྡེ་པ་འཕྱོང་རྒྱས་པ་དང་རྣམ་སྲས་གླིང་པ་སོགས་ལའང་རྒྱལ་ཆེན་གླིང་ཉིད་དུ་བཀའ་ཆོས་འབྲེལ་པ་དགོངས་བཞེད་ལྟར་བྱས། འདི་སྐབས་སྡེ་པ་རིན་པོ་ཆེས་མཚམས་སྦྱོར་བཀའ་དྲིན་བསྐྱངས་ནས་དཔོན་ས་གོང་མ་ཆེན་པོའི་ཞབས་དྲུང་དུ་ཇོ་ནང་གི་བསྲུང་ཡིག་གི་འཇགས་ཡིག་ཁྱད་པར་ཅན་གྱི་བཀའ་དྲིན་ཞུ་བའི་ཞུ་ཡིག་རི་དྭགས་ཀྼཥྞ་སྭ་རའི་པགས་པ་སྡེར་བཞི་དང་རྭ་མ་ཉམས་པའི་གདན་བཞུགས་འབུལ་མི་བརྫངས་པས། རེ་བ་ཇི་ལྟ་བའི་བཀའ་བསྩལ་ཡང་དག་ཐུགས་རྗེས་བཟུང་ཞིང། རྒྱ་སྟོན་རིན་པོ་ཆེ་ཞི་བར་གཤེགས་པའི་ཐུགས་དམ་ཡུན་རིངས་མ་གྲོལ་བར་ཞབས་འབྲིང་པ་གཉུག་མར་གནས་པ་རྣམས་བློ་རྩེར་བའི་གྲོས་འདི་ལ་བྱུང་བས། སུ་ཁ་སི་སོགས་མཚམས་མ་བཞིས་ཞུ་བ་གླུས་བསྐུལ་བའི་སྙན་ངག་ཡི་གེར་བཀོད་པ་ཕུལ་བས་ཐུགས་དམ་ལས་བཞེངས་ཤིང་བླ་མ་རིན་པོ་ཆེ་ཆོས་དབྱིངས་སུ་གཤེགས་འཕྲལ་ཐུགས་དམ་འདོགས་སུ་རྡོ་རྗེ་ཕུར་པའི་བྲིས་སྐུ་