R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 254
[A:254]གཅིག་དང་བཅས་པའི་ཡི་གེར་བསྐུར་བྱུང་སྐབས། ཇ་སིག་བཟང་པ། གསེར་ཐིག་པོ་སྲང་ལོངས་ཅིག་རྣམས་ཕྲ་ལ། སླར་གདུང་རྟེན་བཞེངས་སྐབས་འཕྲལ་བྱུང་གི་གསེར་ཐམས་ཅད་མ་ཟེགས་པར་རེ་རེ་ནས་ཕུལ་བས་ཀུན་སྡོམས་མགུར་མོ་ཉེར་གཅིག་ཙམ་བྱུང་ཟེར། དེར་ཡར་རྒྱབ་ནས་མཚལ་མིན་དུ་འོངས། ཚོགས་ཆོས་སུ་ཇོ་ནང་ལྟར་གྱི་སྦྱོར་དྲུག་གནད་འདོམས་ངོ་སྤྲོད་འཐེམས་པར་བྱས། ཀུན་མཁྱེན་གྱི་བསྟོད་པ་ཚོགས་སུ་བཙུགས། དེ་ནས་གོང་དཀར་ཞབས་དྲུང་ཚོར་ཡོངས་ནས་བཀའ་ལུང་བཞིན་གོང་མ་འགྲོ་བའི་མགོན་པོ་རིན་པོ་ཆེའི་སྐུ་གདུང་གི་རབ་གནས་ལ་བསྡོད་གསུང་བའི་དགོངས་པ་བགྲུབས་ནས་དགུན་ངོ་བདེ་ཆེན་ཆོས་འཁོར་དུ་མཚམས་བཅད་བྱ་ཤིན་ཏུ་དམ་པ་བྱས་པས་ཁ་ཏོན་དགེ་སྦྱོར་འཕེལ་བ་བྱུང་ཞིང། འཕན་ནེ་ས་སྐྱོ་བར་སྣང་བས་ཡར་གཙང་ཕྱོགས་ལ་བརྫངས་ཤིང། ཡར་ལམ་རྒྱལ་ཆེན་རྣམ་སྲས་ཀྱི་གྲུབ་ཐོབ་ཆོས་ལུང་མཁན་ཆེན་ནམ་མཁའ་ལྷུན་གྲུབ་པའི་དྲུང་དུ་རྣམ་སྲས་ཀྱི་རྗེས་གནང་ཆེད་ཀྱིས་ཞུ་བའི་ཁས་བཀོད་དང་ཇ་སིག་གི་ཞུ་ཡིག་རྟེན་དང་བཅས་པ་ཕུལ། དེར་མཚམས་རིང་ལ་སྣེ་གདོང་ནས་ཆེ་ས་གོང་མ་ཆེན་པོའི་བཀའ་ཤོག་ཡང་ཡང་གསེར་སྲང་རེའི་གནང་སྦྱིན་དང་བཅས་ནས་རབ་གནས་གདུང་བརྒྱུད་རིན་པོ་ཆེ་ན་རིམས་གྱིས་ཐུགས་དམ་རྒྱུན་བཞེས་ཡིན་དུས་བདེ་མཆོག་མཻ་ཏྲི་བཅུ་གསུམ་མ་ལ་བརྟེན་པ་དང། རབ་གནས་རང་གི་ཕྱག་བཞེས་ཀྱང་རྗེ་ཕག་མོ་གྲུ་པའི་བཀའ་འབུམ་ནང་གི་དཔེ་མཛོད་མ་ལྟར་ལས་ས་སྐྱ་པ་སོགས་ཀྱི་བསྲེ་སླད་མེད་པ་རང་གི་དབུས་གཙང་དགོས་གསུང་བའི་བཀའ་ཕེབས་ལྟར་དུ། འགྲོ་མགོན་རིན་པོ་ཆེ་དཔལ་ཕག་མོ་གྲུབ་vc: གྲུཔ་ཉིད་ཀྱི་དཔེ་མཛོད་མ་ཇི་ལྟའི་ཕྱག་བཞེས་མ་