R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 255
[A:255]འཆུགས་པའི་རབ་གནས་བར་ཆད་མེད་པར་མཐར་ཕྱིན་ཞིང། དཔོན་ས་གདུང་བརྒྱུད་རིན་པོ་ཆེའི་དྲུང་དུ་ཡང་མཇལ་ཀ་འཕྲོད་སྦྱོར་ཡུམ་རིན་མོ་ཆེས་དོ་དམ་གནང་ནས་ལེགས་སྦྱོར་ཆེ་བ་བྱུང་རྗེས། རབ་གནས་གྲོལ་མཚམས་དྲང་སྲོང་སྲིན་པོ་རིའི་བདེ་མཆོག་མཇལ་བ་དང་རེ་སྨོན་གྱི་སྨོན་ལམ་འདེབས་པ་ལ་རྐང་བཙུགས་སྙན་དར་དར་གོས་དབུས་གཙང་གི་ཁ་ཡིག་འབྱར་བ་བཅུ་གཅིག་ཙམ་ཕུལ། བདེ་ཆེན་ཆོས་འཁོར་དུ་བསྡོད་རིན་མན་དུ་རྗེ་དྲུང་ཀརྨ་པའི་བོད་vc: འབོདམི་ལན་མང་དུ་བྱུང་ཡང་མ་ཕྱིན། དཔོན་ས་གོང་མས་གནང་བའི་གསེར་རྣམས་ཕུལ་བའི་ལན་གདན་དམར་གནང་བ་འབྲལ་མེད་བྱས། དེ་ནས་ཡར་རྒྱབ་ཏུ་ཡུམ་མ་ལས་ལྷག་པའི་བཀའ་དྲིན་ཅན་མའི་སྐུ་ཁམས་དུབ་པའི་དབུ་སྔས་སུ་ཟླ་བ་གཅིག་ཙམ་བསྡད་ཕྱག་ན་རྡོ་རྗེའི་རྗེས་གནང་བརྒྱ་ཚར་ཙམ་བགྱིས། དེར་སྐུ་ཁམས་ཀྱང་ཅུང་ཟད་བདེ་མལ་སྔོན་པ་ཙམ་བྱུང་རྗེས་སྟག་ལུང་དུ་རིན་པོ་ཆེའི་དྲུང་ཁམས་ཕྱོགས་ལ་མི་ཕེབས་པའི་ཞུ་འབུལ་ལ་ཕྱིན་པས། དཔོན་པོ་དགུར་གྱི་ཤིང་མགོ་ལ་ཕེབས་ནས་འབྲོག་ཕྱོགས་སུ་འགྲོ་ཕན་མཐའ་ཡས་པའི་དབང་གིས་དབྱར་རིང་མ་ཕེབས་པར་དགུག་བསྡོད་གཅིག་པོ་ལ། ཐོག་མར་སྐྱོར་མོ་ལུང་དུ་ཡབ་ཡུམ་དྲུང་དུ་ནི་གུ་ཕྱག་ཆེན་སོགས་ཁྲིད་ཆོས། ཚེ་དབང་བརྒྱ་ཚར་སོགས་དབང་བཀའ་བགྲང་ཡས་འབུལ་བ་ལ་བསྡད། དེ་སྐབས་འཇམ་དབྱངས་མེ་ཏོག་གཅིག་ཞག་བཅོ་ལྔ་ཙམ་གྱི་རིང་རྒས་པ་མེད་པར་བསམ་པོ་ལེ་གནས་པ་བྱུང་བ་དེ་ཕྱིས་གདུང་བརྒྱུད་འཕེལ་བ་ཐོབ་པའི་དགེ་མཚན་དུ་སྣང། དེ་ནས་སྡེ་པ་ལྷོ་པའི་དྲུང་གྲག་མིག་རྩེར་སྐྱོར་མོ་ལུང་ནས་སྐུ་ཆས་ཀྱི་རྩེ་སྐྱོངས་བཀའ་དྲིན་བསྐྱངས་ནས། བདག་གིས་སྤྱང་ལུང་གི་བླ་མའི་སྐུ་གདུང་