R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 256
[A:256]དྲུང་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་ཀྱཻ་རྡོ་རྗེའི་བདག་འཇུག་གི་དམ་ཚིག་གསོ་བ་དང། ལྷག་པར་ཉིན་རེ་བཞིན་མཆོད་པ་གསར་པ་བརྗེ་བ་དང་སྒོ་བསྟུན་རྒྱ་སྲས་གཞོན་ནུའི་སྐུ་བསྟོད་ཤོ་ལོ་ཀ་བདུན་མ་དེ་བརྒྱ་ཚར་རེའི་རིང་སྐོར་བ་འབའ་ཞིག་བྱས་གསོལ་བ་སྙིང་ནས་བཏབ་ཅིང་ཟླ་ཕྱེད་ཙམ་བློ་ཕབ་ནས་བསྡད། དེ་རྗེས་ཀྱང་སྟག་ལུང་རིན་པོ་ཆེའི་ཕེབས་དགུག་རང་ལ་ཕྱིན་ཚོགས་པ་རྣམ་པ་ལ་དབང་ཆར་དཔྱད་པའི་དུས་འཁོར་གྱི་བྱིས་འཇུག་མངོན་རྟོགས་སྦྲེལ་མ་ཉིན་རེ་བཞིན་དང། རིན་པོ་ཆེ་སྐུ་མཆེད་གཉིས་པོས་གཙོ་མཛད་ལ་གྲུབ་ཐོབ་བརྒྱད་ཅུའི་རྗེས་གནང། སྦྱོར་དྲུག་གི་ལུང་ཁྲིད་ཙམ་ཕུལ། དོར་ལྷོ་པ་བདག་པོའི་དྲུང་ས་སྐྱོ་བའི་ཐུགས་མ་ཟུག་པར་ངེད་ལ་རྒྱང་རྩེའི་ས་སྣེ་བར་འཇིགས་སེལ་ལ་ཡོང་དགོས་གསུང་ནས། སྟག་ལུང་པ་རྣམ་པས་མི་གཏོང་བཞིན་དུ་ཡོང་བའི་ཐེ་བཅུག་ནས་ཕྱིན་སྣ་དཀར་རྩེའི་བར་སྐྱེལ་མ་བྱས། དེ་དུས་རྗེ་བཙུན་མ་སྙན་གྲགས་བཟང་མོའི་དབུ་ཐོད་དང་མཇལ་བས་བདག་གི་ལག་ཏུ་བཟུང་ནས་དུམ་ཙམ་བསྡད་པས་ནང་ནས་བདུད་རྩི་རང་བརྡོལ་བརྫུན་མེད་དུ་ཁྲལ་ལ་ལ་བྱུང་བས་དེར་འདུས་ཀུན་ཡ་མཚན་ཆེ་བའི་དད་མོས་ལ་བཀོད། དེ་ནས་སླར་ལོག་ཡོངས་པས་འབྲས་སྤུངས་པས། རིན་པོ་ཆེ་འབྲི་ཁུང་པའི་སྒར་པ་བཅོམ་པའི་དུས་ཟིངས་པས་ལམ་བཀག་ནས་གོང་དཀར་དུ་འཁྱོགས། དཔོན་ས་རིན་པོ་ཆེའི་དྲུང་དུ་སངས་རྒྱས་ཀྱི་སྐྱེས་རབས་བརྒྱ་རྩའི་ལུང་དང། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཕུལ། སྡེ་པ་སྲང་མགོ་བའི་དྲུང་དང་དཔོན་ས་དཔོན་དྲུང་ལ་རེ་མོས་སུ་ཚེ་དབང་གྲངས་བཏབ་ཕུལ། དེར་དཔོན་ས་རིན་མོ་ཆེའི་དྲུང་གིས་ཐུགས་དམ་དངུལ་གྱི་མཆོད་རྟེན་དང་སྒྲོལ་