R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 43
[A:43]ལམ་འབྲས་ཚར་གསུམ་ཐོབ་འདུག་པ། ཆ་ལག་རྣམས་རྫོགས་པར་སྟེར་གསུང། རྒྱུད་ལམ་བདག་མེད་ཕྱི་ནང། ལྕགས་རིའི་ཁོངས་མི་འདའ་བའི་ཟབ་ཆོས་བཞི། ཚར་གསུམ་ཁུག་པ། བརྡ་ཚིག་བརྒྱུད། བརྡ་དོན་གསལ་བ། མགོན་རྐྱང། སྒྲུབ་པ་ལུང་སྦྱིན་སོགས་མ་ལུས་པར་ཐུགས་ལ་བཏགས། མོན་རྫོང་པ་ཟླ་བ་རྒྱལ་མཚན་ནས་བརྒྱུད་པའི་ལམ་འབྲས་ཞྭ་མ་ལུགས་ཀྱང་ཐོབ། ཚེ་དབང་ལུགས་གཉིས། སྒྲོལ་དཀར་འབྱུང་པོ་འདུལ་བྱེད། ཆོས་སྐྱོང་ཆེ་ཆུང། པུ་ཏྲའི་ཟུར་བཀའ། དུར་ཁྲིད་vc: ཁྲོདབདག་པོ། དཀར་བདུད་ལྕམ་དྲལ། དམར་པོ་སྐོར་གསུམ། དམར་མོ་སྐོར་གསུམ། གཟའ་བསྲུངས་ཐོས་པ་དོན་ལྡན། བཀའ་གདམས་ཐིག་ལེའི་དབང། དེའི་བསྒོམ་ཁྲིད་ཞལ་ཤེས་སྙུག་ལ་པཎ་ཆེན་གྱིས་མཛད་པ། ཚེ་ཁྲིད། སྨར་ཁྲིད་མཛུབ་བཙུགས། ཕག་མོ་སོར་མོ། ཀུརྨ་པཱ་དའི་བྱིན་རླབས་ཁྲིད་བཅས། སུ་ཁ་ཆོས་དྲུག། མགོན་པོའི་དཔེ་ལུང་ཚང་བར་ཞུས་ཤིང། མགོན་པོའི་ནང་ཁྲིད་ཀྱི་ཕྱེད་ཙམ་དུ་སླེབ་དུས། སློབ་དཔོན་ནམ་རིན་པ་གློ་བུར་དུ་གཤེགས་པས་རྐྱེན་བྱས། ཁྲིད་ཤམ་ལ་ལུང་ཙམ་ཡང་མ་གནང་བ་འཕྲོ་ཅན་དུ་ལུས༎ བསྲུང་འཁོར་བྲག་རྫོང་མ་ཞལ་ཤེས་ཀྱིས་རྒྱན་པ། ཁྱད་པར་དཔལ་མགོན་ཞལ་གྱི་བསྲུང་བཟློག་སྙན་བརྒྱུད་ཟླ་བ་གཅིག་གི་བར་གསུང་ངག་ལས་འབྲུ་གཅིག་མ་ཉམས་པར་ཉན་ཅིང་ཁོང་དུ་ཆུད། དེ་མཚམས་གླང་ཐང་ནས་སངས་རྒྱས་དབོན་རིན་པོ་ཆེ་ཕེབས་པ་དང་མཇལ་བས། ཁྱེད་ན་ནིང་བར་དགུག་ཡུན་རིང་ཞིང་འབྲུམ་བུའི་རྩེར་བས་སྙུགས་བུད་ཡོད་གསུང། མས་བུ་གཅིག་ལ་བགྱི་བས་དཔེར་མི་མཚོན་པའི་ཐུགས་རྗེས་གཟུང། དཔྱིད་ཆོས་ལ་དབུ་མ། དབྱར་འདུལ་བའི་སྤྱི་ཆོས་གནང་བའི་ཆོས་གཎ་དང་ལྷན་དུ་