[A:259]རྣམས་ལ་རབ་གནས་ཟབ་རྒྱས་དང། ལམ་དུས་བསོ་ཆོག་སྒྲོལ་མ་རྣམ་པར་རྒྱལ་མའི་ཚེ་སྒྲུབ་ལན་གསུམ་བཏུད་མར་ཕུལ་ནས་ལམ་ཤར། བསམ་གྲུབ་རྩེ་ནས་རྒྱལ་རྩེའི་འབུལ་བ་རྣམས་གསེར་མདོག་ཅན་དུ་དགུ་ཆོས་ཀྱི་ཐུག་ཚུལ་ལ་ཕུལ་ནས། གང་ལ་ཡང་མ་འགྲིམ་པར་རི་ཁྲོད་ཆེན་པོར་ཟླ་བ་བཅུ་པའི་ཚེས་བཅུ་ལ་སླེབ། དེར་རིམ་ཅན་དུ་ཆོས་རྒྱལ་ཡབ་སྲས་རྣམས་ཀྱང་ཕེབས་ནས་གཞི་བྱེས་ཞལ་རྒྱས་པའི་བཀྲ་ཤིས་ཞལ་དྲོ་ཐུགས་དགྱེས་པའི་ངང་ཁོ་ནས་འདའ་བ་བྱུང། དེར་ལོ་དུས་ཀྱི་དུན་ཁྲིད་ཀྱང་བཙུགས། ཆོས་རྗེ་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན་པ་དཔོན་སློབ་ཕྱོགས་ནས་བྱོན་པ་རྣམས་ལ་ཤང་ཆོས་རྒྱས་པ་རང་གི་ཐུགས་བཞེད་བསྒྲུབས་ཏེ། སྔ་གོང་དུ་སྦྱོར་དྲུག་གི་ཚོགས་ཆོས་བཙུན་མ་བླུན་མོ་སྒྲུབ་པ་མོར་མིང་བཞག་དེ་ཀུན་གྱིས་ཚིག་གི་ཟུར་ཙམ་ལ་ཡང་གོ་རྟོགས་ཏིལ་འབྲུ་གཅིག་མི་སྣང་ཡང། རིགས་ལྡན་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཉིད་ཆོས་ཡུན་རིང་ཐུང་ཅི་བྱུང་ལ་ལོག་ནས་སྙན་གཏོད་པ་གནང་བའི་ཐུགས་ཀྱི་རེ་བ་རྫོགས་ཕྱིར་དུ་རྒྱུད་འབྲེལ་དཔང་བཞག་གི་བླ་མ་བརྒྱུད་པའི་བྱུང་ཚུལ་སྔོན་འགྲོའི་སྤྱི་བཤད་དང། ཁྱད་པར་གྱི་ཁྲིད་ཚུལ་རྣམས་རྒྱས་པའི་སྒོ་ནས་ལེགས་པར་གྲུབ་རྗེས། མཆོག་དབང་ལ་ལྷོ་བྱང་གི་སྐུ་ངོ་ལྔ་གདན་འཛོམ་གྱི་གཙོ་མཛད་མི་སྟོང་ཕྲག་གསུམ་དང་བརྒྱད་བརྒྱ་ཙམ་ལ་གོང་མའི་དབང་བཞི་ཆོ་ག་ཇི་ལྟ་བའི་སྤོད་ཆོག་བགྱིས་ནས། སྡེ་པ་ལྷོ་པས་གཙོ་མཛད་རྣམས་དངོས་གཞི་དམ་པོའི་བཅད་བྱའི་སྐུ་མཚམས་ལ་བཞུགས་ཤིང། ནུབ་དགོན་པ་དཔོན་སློབ་པས་གཙོ་མཛད་ཕྱོགས་ཀྱི་རྟོགས་ལྡན་ཕོ་མོ་གསང་སྔགས་རྙིང་མ་བ་དང་རི་བོ་དགེ་ལྡན་པ་ཡང་འགའ་རེ་འདུས་པ་ལ་ཤངས་ཆོས་བཤད་པ་རྒྱས་ཤིང་