R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 260
[A:260]དམིགས་པ་འགྲིལ་བ་དང་དབང་བྱིན་རླབས་ལ་ཡང་ལྷག་ཆད་མེད་པའི་འཇུར་བ་རང་བྱིན་གྱི་མཚམས་རིང་ཚུལ་ལ་མ་ཆད་པར་བྱས། དེར་སྒྲུབ་པ་མོ་རྣམས་དང་ལྷག་པར་ཁྲིད་གསར་པའི་སྐྱེས་ཕོ་མོ་རྣམ་པའི་སྒོམ་སྲན་བྱེད་ཅིང་ལྟ་སྟངས་སོགས་ལ་ཆོས་རྒྱལ་ཆེན་པོའི་དྲུང་ཐུགས་ལྡན་པར་དགྱེས་པའི་གཟེངས་བསྟོད་ཡང་ཡང་དང། དེང་སང་གངས་ཅན་གྱི་ཁྲོད་ན་སྒོམ་ཤ་མ་ཁ་ཡོད་ལག་ཡོད་དངོས་མཐོང་འདི་ལས་ལྷག་པ་མེད་ངེས་ཤེས་གསུང་བའི་ཐག་ཆོད་ཀྱང་གནང། དེར་སྒོམ་འདེབས་ཐེབས་གསུམ་དང་ཉམས་ལྟ་གསུམ་གྱི་བསྲང་ནས་བསྟོན་ཏེ་སླར་ངོ་སྤྲོད་ཀྱི་ལམ་དུ་འདྲེན་པའི་ཚེ་ཡང། རང་ཞལ་ལྟ་བ་རང་བཞིན་རྒྱལ་བའི་རིགས་དེ་ཡིས། སེམས་ཀྱི་ཞལ་མཐོང་སྙིང་པོར་བརྒྱུད་ལ་ཁྱེར་པའི་དུས། འདྲིས་ཤིང་བསྒོམ་པས་དཀའ་ཐུབ་སྐྱ་བར་ཆུད་པའི་དུས། ཡུལ་དེ་སྔོན་དུ་གྱུར་བས་མཁྱེན་པའི་ཡེ་ཤེས་ཐོབ། ཅེས་པའི་གནད་གཟུང་སྟེ་ངོ་སྤྲོད་མཐིལ་ཕྱིན་དུ་བཏབ་པས། ཆོས་ཀྱི་རྒྱལ་པོ་ཆེན་པོ་པ་དེ་ཉིད་ཀྱི་སྔ་གོང་པཎ་ཆེན་ནམ་མཁའ་དཔལ་བཟང་ལས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཉམས་ཁྲིད་དུ་བཞེས་པ་དང། རྒྱུད་པ་ནས་བརྒྱུད་པའི་བཀའ་བབས་པའི་མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་མོའི་ཆོས་སྐད་གྲུབ་མཐའ་མ་ལུས་པ་ཐུགས་སུ་ཆུད་པའི་དབང་ལས། དུས་འཁོར་རིག་གནས་ཀྱིས་རྒྱན་པའི་སྨྲ་བ་པོ་མ་ལུས་པའི་སྦྱིན་པའི་ཞིང་ས་གཤིན་པ་ཉིད་དུ་སྣང་ཞིང། དེ་སྐབས་བདག་ཅག་ལ་ཡང་རང་རེས་རི་ཁྲོད་ཆེན་པོའི་གདན་ས་འདི་ལ་ཞབས་དྲུང་ཉིད་ནན་ལྟར་དུ་གསོལ་བ་བཏབ་པ་ལ་མདོ་དོན་བྱུང་ཞིང། ངེས་དོན་གྱིས་བསྟན་པའི་བསྲོག་རྩ་འཐུད་པ་ལྟ་བུའི་བཀའ་དྲིན་ཟླ་མེད་དུ་བསྐྱངས་ཅེས་ལན་གཅིག་ལན་གཉིས་མིན་པར་