[A:264]ལུས་པ་དེ་སླར་སྟ་གོན་ནས་སྐྱར་ཏེ་ཕུལ། ཚོགས་ཆོས་ལ་སྒྲུབ་ཐབས་རྒྱ་མཚོ་དང། མཁན་ཆེན་ན་རིམས་སྐུ་ཚེ་ཐུང་ཙམ་དུ་མངོན་པའི་གེགས་སེལ་ཁོ་ན་ལ་དམིགས་སྣང་དམིགས་ཐམས་ཅད་རྒྱལ་བ་ཚེ་འཛིན་དབང་པོར་གསལ་བཏབ་པའི་ཚེ་ཁྲིད་གྲུབ་རྒྱལ་མའི་དམིགས་པ་རེ་ཕུལ། གཞན་པ་དགེ་ལྡན་སོ་སོའི་རང་རང་གི་འདོད་མོས་ལྟར་དབང་རྗེས་གནང་གྲངས་དང་ཚད་དུ་མ་གཟུང་བས་ཉིན་མཚན་ཆད་པ་མེད་པར་ཚོགས་པ་གསུམ་སྟོང་མི་ཚད་པའི་ཐུགས་ཀྱི་རེ་བ་ཡོངས་སུ་བསྐངས་ཏེ། རང་གི་ཡང་མི་ལུས་ཐོབ་པ་དོན་ཡོད་པའི་ཟང་ཟིང་མ་མཆིས་པའི་ཆོས་ཀྱི་སྦྱིན་པ་བླ་ན་མེད་པ་ལྷུག་པར་སྦྱིན་པའི་ཕྲིན་ལས་ཕུལ་དུ་བྱུང་བའི་གནས་སྐབས་འདི་ཉིད་དོ་ཅེས་རེ་ཞིག་བརྗོད་པའི་སྒོར་གྱུར་པ་ཡང་དེ་ཙམ་སྟེ། དབྲི་བསྣན་མེད་པའི་སརྒར་ཕྱེ་བའི་ལི་ཁི་ཏམ།
སྔོན་ལས་བསགས་ཁྱབ་ནམ་མཁའི་མཐའ་ཁྱབ་པ།
འདི་ལ་བརྫུན་བྲལ་རྗེས་སུ་དཔོགས་པས་ཤེས།
ད་ལྟའི་ལས་སྣང་ཡོངས་ལ་དག་པའི་སེམས།
འདི་ལའང་གཡོ་མེད་རིམ་གྱིས་རྗེས་སུ་སྤྱོད།
རྒྱལ་བ་སྟོན་པ་བསྟན་པ་འབའ་ཞིག་གི།
ཕྱིར་ཞིང་འབྲེང་ལ་ཕྱོགས་ཆའི་ཉེ་རིང་སྤངས།
ཆོས་བཞིན་སྤྱོད་ལས་གཞན་པའི་ཡིད་ཆེས་ཆད།
རང་རང་ཕྱག་བཞེས་ཡིན་པས་ཅི་ཞིག་གོ༎
རིག་བྱེད་གཞུང་ལུགས་ཡིག་མངས་བསླབ་སྦྱངས་མཁས།
རྩ་རླུང་གནད་འདོམས་མུ་སྟེགས་རྫུ་འཕྲུལ་ཆེ།
སྔགས་ཀྱི་བཟླས་བརྗོད་གཏིང་ཟབ་དཀའ་ཐུབ་བརྩོན།
དེ་དག་ལམ་གོལ་སངས་རྒྱས་བསྟན་ལས་འབྱོལ།
ཁྲིམས་གཙང་ཐོས་པའི་སྤྱན་གསལ་སྒྲུབ་མ་གཞོལ།
དེ་འདྲའི་སྐྱེས་བུ་གང་ན་བཞུགས་ཀྱང་རུང།
གུས་པའི་ཐལ་སྦྱོར་ཅི་ནུས་མཆོད་པའི་ཡུལ།
མཆོག་དམན་མ་མཆིས་གཙུག་ཏུ་ཐོད་བཞིན་ལེན།
དེང་སང་