[A:44]སྔ་ཕྱི་སོར་གང་མེད་པ། བྱ་རྒོད་ཕུང་པོའི་ཆོས་ཁྲི་གདལ་བ་དེར་གཞུང་ཤོག་གཅིག་ཀྱང་མ་ཆད་པར་ཉན། ཟུར་ཆོས་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་པད་དཀར་ཕྲེང་བ། དབྱངས་ཅན་མའི་སྐོར་ཚང་བ། ཕྱག་རྡོར་གོས་སྔོན་ཅན། རྣམ་སྲས་རིགས་བརྒྱད་ཀྱི་རྗེས་གནང་རྣམས་ཐོབ། གནང་ཆགས་ཀྱིས་བཀྲ་ཤིས་བརྩེགས་པར་ཇ་བུར་བཞེས་སྤྲོ། དཔེ་ཆ། བྲིས་སྐུ། ཕྱག་ཕྲེང་སོགས་ཉེར་མཁོའི་གནང་སྦྱིན། ཡིད་ཤེས་བཅགས་པའི་སེམས་ཁྲིད་ཐབས་མཁས་ལན་གཅིག་ལན་གཉིས་མ་ཡིན་པ་ཁོ་ནས་དྲངས་ཏེ། སྔར་གྱི་སྐྱོ་ཤས་ངང་གིས་སྲབས། འཚང་འབྲུའི་བཀས་སློབ་གཉེར་མ་ནན་བསྐུལ་མཛད་པ་དེ་ཉིད་ལཡིད་ཆེས་སྐྱེ། ཆོས་རར་ཕར་ཕྱིན། སྡོམ་གསུམ། འདུལ་བ་རྣམས་ཀྱི་གཏོང་ཆོས་སྒོ་དུ་མ་ཞལ་སློབ་ལེན་པ། དཔྱིལ་vc: སྤྱིལབུར་ཞོགས་རྒྱུགས་ཕར་ཕྱིན་དཀའ་འགྲེལ། བཞེད་ཚུལ་རྒྱ་མཚོའི་རླབས་ཕྲེང། སྦྱོར་ཊིཀ་གནད་ཀྱི་སྒྲོན་མེ། སྐབས་ལྔ་པ་ཡན་གྱི་ཐལ་ངག་དབང་པོ་རྡོ་རྗེ་རྣམས་ཟིན་མཚམས། སློབ་དཔོན་རིན་པོ་ཆེའི་དགོངས་པ་མཐར་ཐུག་ཏུ་འདུག་པས་ནང་དུ་ལུང་ཆོས་སྙིང་པོ་འཛིན་པའི་དབུ་བཙུགས། ཊིཀྐ་གཏོང་ཆོས་པ་བྱིན་དང་ལྷན་དུ་རོང་ཊིཀ་གི་རྒྱུགས་ལེན་དང། ལོགས་སུ་འཇུག་སྒོ་གསུམ་པའི་གཞུང་ཆོས་གནང་བ་ལ་མི་ཉག་བྱང་ཆུབ་དཔལ་བས་རབ་སྒང་དུ་གཏོང་མྱོང་འདུག་པས་སྐྱོར་བའི་གྲོགས་ལྡན་བགྱིས། ནམ་ཟླ་དུས་བཞི་ཁོར་མོར་ཉིན་གཅིག་ཀྱང་ཆད་པ་མེད་པའི་བསླབས་སྦྱངས་ཤིན་ཏུ་འཕེལ་བར་ཡོད་པའི་སྐབས་ནས་མཁན་སློབ་དང་བཅས་པའི་དགེ་འདུན་མགྲོན་ཁང་དུ་མཚན་བརྗོད་ལ་ཐེགས་ཤུལ། ཆོས་མཛད་འཛིམས་པས་རྒྱུགས་བསྣོན་པ་བྱས། ཉིན་