[A:275]སུ་བསྩལ་བ་བདག་གི་ལག་ཏུ་ལོན་དུས་ནི་རྒྱ་ཁམ་སྨིན་ཤོས་ལྟར་ཉོར་མོ་ལ། ཕྱོགས་ཤིག་ནས་ཁུ་བཅུད་བརྡོལ་ལ་ཁད་སྣང་བ་ལ་ཁས་འཇིབ་པས་སྔོན་ཆད་ལྕེས་མ་མྱོག་བའི་མངར་ལ་དྭངས་པའི་བཅུད་ཀྱི་རྒྱལ་པོ་བྲེ་གང་ཙམ་ཞིག་གི་བཏུང་བ་ཁོག་ཏུ་སོང་མཐར། བདག་གི་ལག་པ་གཉིས་ཀྱིས་སྙིམ་པའི་ནང་དུ་འདུས་པ་ཙམ་ལ་བཟོ་མདོག་ཨ་རུ་ར་གསེར་མདོག་མཆོག་གི་བཟོ་དབྱིབས་དང་མདོག་ཏུ་སྣང་ཞིང། དེར་མི་སུ་ལ་ཡང་མ་བསྟན་པར་ཚགས་བྱས་ཆོས་གྲོལ་ནས་གནས་རྙིང་དུ་འབོད་མི་བྱུང་ནས་ཕྱིན། སླར་རྒྱལ་རྩེར་སྡེ་པ་རིན་པོ་ཆེ་ལ་རྡོ་རྗེ་ཕུར་པའི་སྟོད་ལས་སྨད་ལས་ཀྱི་དབང་དང་མགོན་པོའི་མེ་འབར་མའི་ལུང། ཆོས་སྐྱོང་གི་བཀའ་བསྒོ་ནང་ཁྲིད་སོགས་ཕུལ་ནས་དགུན་དུས་དྲང་རེག་ཁྱད་དུ་བསད་དེ་སྟག་ལུང་གི་དངུལ་སྐུ་བདེ་མཆོག་ཐུབ་ཆེན་སོགས་ཀྱི་རབ་གནས་ལ་ཤར་ཕྱོགས་ལ་རྟ་ཁ་བསྒྱུར་ནས། ཤར་ལམ་སྣང་དཀར་རྩེ་སྡེ་པ་སྐུ་མཆེད་དྲུང་དུ་ཚེ་དབང་ཆོས་སྐྱོང་ཆེ་ཆུང་གི་རྗེས་གནང་སོགས་དགོངས་པ་ལྟར་ཕུལ། བསམ་སྡིངས་ནས་རྗེ་ལ་ཡེ་ཤེས་ལུས་ཅན་མས་གདན་བཞུགས་གནང་བྱུང་བའི་ལན་དུས་ཏིག་སོགས་འབུལ་བ་བགྱིས་ནས་ལམ་བསྲངས། ཞབས་དྲུང་སྐྱོར་མོ་ལུང་དུ་ཞག་འགའ་བསྡད་རྗེས་རབ་གནས་རང་ལ་རྐང་གཏད་སྟག་ལུང་དུ་ཕྱིན་ནས་གཙུག་ལག་ཁང་གསར་བཞེངས་ཉིད་དུ་རྟེན་མཆོག་གསར་བཞེངས་གནང་བ་ཀུན་བསྒྲིགས་ཏེ། རབ་གནས་རྟེན་གྱི་དཀྱིལ་འཁོར་བདེ་མཆོག་ནག་པོ་པ་ལ་བརྟེན་དཀྱིལ་འཁོར་རྡུལ་ཚོན་དུ་བཞེངས་ཤིང། སྔར་མཁའ་འགྲོ་མས་མངོན་སུམ་དུ་བསྩལ་བའི་ཨ་རུ་རའི་རྒྱལ་པོ་སྨན་མཆོག་དཔེ་བྲལ་དེ་ཉིད་ཀྱང་བདེ་མཆོག་དངུལ་སྐུའི་མགྲིན་པར་བཞུགས་སུ་གསོལ་དགོས་