R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 276
[A:276]པ་ཡིན་ཞིང། ད་ལྟ་གཞན་གྱིས་བྱད་ཁ་ལ་བརྟེན་ཆོས་རྗེ་སྐུ་མཆེད་གསུང་འཛེར་བའི་གསུམ་འབྱེད་ཀྱི་བྱད་འགྲོལ་དང། དུས་རྙིགས་པས་སེམས་ཅན་ཀུན་ཀྱང་གྲེ་གག་སོགས་ནད་མང་པོས་གཟིར་བའི་ནད་སེལ་གྱི་རྟེན་འབྲེལ་རྨད་བྱུང་དུ་ཡང་བློས་དམིགས་པའི་དད་མདུན་ཆེར་ཡོད་ནའང། ངེད་སློབ་གོང་དུ་བདེ་མཆོག་གི་གཟེར་རྣམས་བསྡམས་ཚར་ནས་རེ་བ་མ་རྫོགས་ཤིང་རྟེན་འབྲེལ་དེ་དག་གི་སྒོ་ཡང་མ་འགྲིག་ལ་འོན་ཀྱང་རང་ལས་ལ་རང་མིའི་དཔེར་བྱས་ནས་རབ་གནས་ཀྱི་བཀྲ་ཤིས་རྫས་བརྒྱད་ཀྱང་བིལ་བ་བྱིས་པའི་མགོ་ཙམ་དང། དེ་དང་མཉམ་པའི་ཤིང་གི་སར་བུ་གསུམ་ལ་གསེར་གྱིས་རྒྱན་བཀོད་བྱས་པའི་ནང་དུ། ཉུང་ཀར། གྷི་ཧཾ། ལི་ཁྲི། རྒྱ་གར་གྱི་རྫ་མ་བཟོ་ཁྱད་ཅན་ཁྲ་མོའི་ནང་དུ་ཞོ། དུར་བ་སྦོམ་ཁྲ་ཞེང་ལ་སོར་བཞི་བདལ་བ་དང། རིང་ཐུང་རྐང་གང་པ་ཚིགས་གསུམ་ཡོད་པའི་བློ་འདས་ཀྱི་མགོ་མཇུག་དངུལ་གྱིས་བསྟུམས་ནས་གསེར་གྱི་ཟ་ར་ཚགས་བྱས་པ། མེ་ལོང་ཡང་མཐོ་གང་སྒོར་མོ་ལ་འོད་ཟེར་པ་ཏྲའི་རི་མོ་འཕུལ་འབུར་དོད་གསེར་ཆུས་བྱུགས་པ། དུང་དཀར་ལ་ཡང་བཀྲ་ཤིས་རྟགས་བརྒྱད་གཟབ་ནས་བརྐོས་དངུལ་ཤོག་གསེར་གྱི་པདྨའི་ཁ་རྒྱན་ཅན་རྣམས་དང། ཕུབ་ཆེན་སྒོར་མོ་གཉིས་ལ་མར་གྱིས་ཚོན་གྱུར་བྱས་པའི་འཁོར་ལོ་དང་ནོར་བུ་ལེགས་པར་བཅོས་ནས་ཡོན་བདག་ཁམ་གཟུགས་སྐྱེ་སྒོ་ཅན་རིགས་གཙང་གཉིས་ཀྱིས་ཕྲག་པ་ལ་ཁུར་བ་དང། བཙུན་མོ་རིན་པོ་ཆེ་ལྷ་ཞལ་གཟབ་ལེགས་དང་རྒྱ་གར་གྱི་རྒྱལ་མོའི་གཟུགས་བསྒྱུར། བློན་པོ་ཡང་ལྷ་འབག་ཐོད་ཅན་རྒྱའི་ནང་བློན་གཟུགས་ལ་ཁ་སྤུ་རིང་པོའི་གཟུགས་བསྒྱུར་དང། གླང་པོ་གླང་གདོང་ལུས་སོགས་རས་ཁྲུག་ལ་བསྒྲུབས་ཤིང། མཆེ་བའི་