R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 278
[A:278]མི་རེ་ལ་དར་ངོས་སྐལ་རེའི་ཁ་འགྱེད་དང། ཆོས་རྗེའི་དྲུང་དུ་འབུལ་བ་རྒྱ་ཆེན་པོའི་བསྔོ་རྟེན་དཔུས་དག་ཀྱང་བྱས་ནས་ཉེས་སྐྱོན་མེད་པར་ཟླ་བ་གསུམ་པའི་ཚེས་བཅུ་བཞི་ལ་སྨོན་གྲོར་སླེབས་ཤིང། དེ་ངམ་རིངས་ཀྱི་ཆོས་སྡེར་ཇ་སིག་བརྒྱད། བཟང་ལྡན་དུ་བཞི། གསེར་མདོག་ཅན་དུ་ཚེས་ལྔ་ལ་དམིགས་པའི་ཇ་སིག་བཞི། ལོ་ཆེན་དྲུང་དུ་ཇ་སིག་སྦྲེལ་དང་ཁ་བཏགས་དཀར་པོ་བརྒྱ་རྩ་བརྒྱད། རིན་པོ་ཆེ་ཐུགས་རྗེ་དཔལ་བ་ལ་རྟེན་ཁེབས་ཅིག། མཆོག་གི་རྡོ་རྗེ་སློབ་དཔོན་རབ་གསལ་ཟླ་བ་མགོན་པོ་ལ་དངུལ་སྐྱོགས་དང། དུང་གི་རྟ་ཆས་ལེགས་པ། ཇ་བཟང་བ་སིག་གཅིག། ཇོ་ནང་དུ་ཇ་ཚབ་ནས་ཇེ་བྲེའི་ཁལ་ལྔ་བརྒྱའི་སྒྲུབ་རྒྱགས་བཀྱེ་ཞིང། དེ་ནས་བྱང་དུ་བཀའ་ལུང་བཞིན་ཕྱིན་མཚམས་ཟླ་བ་བཞི་པའི་ཚེས་བརྒྱད་དང་དགུ་ལ་བདེ་མཆོག་ནག་པོ་པའི་རས་བྲིས་ལ་བརྟེན་པའི་དབང་དང། ཚེས་བཅུ་ལ་རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་བྱིན་རླབས་གསན་པས་དེ་ནུབ་ཀྱི་ཚོགས་གྲོལ་རྗེས་བསྙུང་བའི་ཚུལ་བསྟན་ནས། ས་གའི་ཚེས་བཅུ་བདུན་གྱི་སྲོད་ཆེན་ལ་དཔོན་པ་ལྷ་ལྕམ་དེ་ཉིད་རང་གནས་མཁའ་སྤྱོད་ཀྱི་གནས་ལ་བཞུད་དེ། དེ་འཕྲལ་དུ་ལྷ་སར་ཇོ་བོ་རིན་པོ་ཆེ་ལ་དཀར་མེའི་རྒྱུར་གསེར་ག་ཆུང་ངུ་གཅིག་དང། གོས་ལུ་ཉིག་གི་སྣམ་སྦྱར་སྨོན་ལམ་གྱི་ཡི་གེས་བརྒྱན་པ། དྲང་སྲོང་རིན་པོ་རི་དང་རེ་སག་གི་ཇོ་མོ་གཉིས་ལ་ཡང་སྙན་དར་ཡིག་སྦྱར། སྟ་ལུང་vc: སྟག་ལུངདུ་རྟེན་བཞེངས་རྒྱུ་ལ་གསེར་ཞོ་བརྒྱ་དང། གསེར་མདོག་ཅན་དུ་གསེར་ས་ཐིག་མགུར་ཞོ་ཉི་ཤུ་རྩ་བཞི་འགོར་པ་དང། བྱ་རྒོད་གཤོངས་སུ་བསིལ་མ་ཞོ་ཉི་ཤུ་རྩ་བཞི་རྣམས་མང་ཇའི་རྒྱུར་ཕུལ་ཞིང། སྐུ་གདུང་ཆས་འཇུག་དང་རྗེས་འབྲེལ་དུ་ཆོ་ག་བཀོད་ནས་རྡོ་རྗེ་རྣལ་འབྱོར་མར་