R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 280
[A:280]ནག་པོ་དང། ཙན་དན་དཀར་པོའི་བུད་ཤིང་གིས་སྐུ་གདུང་ཡོངས་སུ་སྦྱངས་ཤིང། དེ་ནུབ་ནམ་མཁའ་ལ་སྤྲིན་དམར་པོའི་དབྱིབས་ཀྱིས་རྡོ་རྗེ་རྣལ་འབྱོར་མའི་སྐུ་རི་བོ་ཙམ་གསལ་བར་བསྟན་རྗེས། ནམ་མཁའི་ཁྱོན་སིནྡྷུ་རའི་མདོག་ཏུ་འགྱུར་བའི་འོད་ཀྱིས་ངམ་རིང་སྤྱི་མཚོ་ཡང་བསྒྱུར་བ་བྱུང་ལ། གདུང་ཐལ་རྣམས་དེ་ནུབ་རང་མཚོར་སྦྱངས་ཤིང། སྐུ་གདུང་དང་ལྷག་པར་ཐུགས་ལན་དུ་མར་སྐྱར་ནས་མེ་མཆོད་ཕུལ་ཀྱང་མ་ཚིག་པར་སླར་མཆོད་པའི་རྟེན་དུ་བཞག་ཅིང། དགུང་ཞག་རྣམས་ལ་འཇའ་འོད་དང་མེ་ཏོག་གི་ཆར་གསལ་བར་བྱུང་ཞིང། གདུང་ཚངས་ཡང་རྣལ་འབྱོར་མའི་ས་ཚར་བསྒྲུབས། གྲང་གསེར་གྱིས་བྱུགས། རྡོ་རྗེ་རྣལ་འབྱོར་མའི་བྲིས་སྐུ་ཐོག་ཚད་ཅིག་འཕྲལ་དུ་བསྒྲུབས་ཤིང། གཞན་རྣལ་འབྱོར་མ་སྟོང་སྐུའི་བྲིས་ཐང་བཅུ་དང། ཀུན་དྲིལ་རྣལ་འབྱོར་མའི་དྲིས་སྐུ་ཆེ་ཆུང་འདྲེས་པ་བརྒྱ་རྩ་ཙམ་དང། ཚ་རྟེན་གྱི་དབུ་སྐྲ་ལ་མང་རེ་ཙག་ཇོ་མོའི་འདྲ་ལེན་གྱི་ཤིང་སྐུ་དངོས་བྱོན་བཞེངས་ཤིང། དུས་དྲན་གྱི་བཅུ་བདུན་མཆོད་ལའང་ངམ་རིངས་བྱམས་ཆེན་དྲུང་དུ་ཞལ་གསེར་ལ་མགུར་མོ་སུམ་ཅུ་སོ་བདུན་གྱི་གྲང་གསེར་སྤུས་དག་རང་དང། སྙན་དར་སྨན་ཚེ་དཀར་ཁྲ་སེར་ཁྲ་ཡུག་སྣེ་ཚང། ལིང་ཡུག་གི་འཕན་དང། ངམ་རིངས་མཁན་པོ་ལ་འབུལ་བའི་བསྔོ་རྟེན་གོས་ཕྱི་ནང། ཇ་སིག། རྟེན་ཁེབས་གསེར་མ་སྒོ་ཚད་སོགས་དང། དགེ་འདུན་སུམ་བརྒྱ་ལ་རས་ཡུག་སྣེ་ཚང་སྤུས་བསྒྲུབས་རེ་རེ་ཕྱག་ཏུ་འབུལ་བ་དང། གསེར་མདོག་ཅན་དུ་སྤོས་ཤེལ་ཕྲེང་བའི་ཐུག་ཚུལ་གྱི་རྒྱུ་སོགས་བགྱིས། འདི་སྐབས་མྱང་སྟོད་ལ་ཡུལ་ཙམ་ཕྱིན་ཞིང། དགུན་ཁྲིད་གྲོལ་རྗེས་རང་ལ་སྟག་ལུང་གི་འབུལ་སྐྱེལ་བ་བྱུང་བའི་སྟེངས་ནས་ཇོ་ནང་དུ་