R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 282
[A:282]གདོང་བཞི་པའི་རྗེས་གནང། རྒྱུད་སྡེ་ལྔ་ཆེན་མོའི་དབང་སོགས་བསྟན་པའི་རྒྱུན་ལ་བསམ་ནས་ཕུལ་ཞིང། སླར་ཡང་མཚོ་སྒོ་ཉི་ནས་ཤར་དུ་ཡོང། དྲུང་འབུམ་རམ་པ་དང་མཇལ། ཁོང་ཉིད་ཀུན་མཁྱེན་རིན་པོ་ཆེའི་གདན་སར་བཞུགས་པ་དང། སྐྱེས་ཡུལ་གྱི་ཞེན་སྟབས་བྱས་གོས་ཕེལ་མཚལ་ཁ་རི་མོ་ཅན་ཞིག་ཀྱང་འབུལ་བ་བྱས་ཤིང། དེ་ནས་མངའ་བདག་རྒྱལ་མོ་དགོངས་པའི་དབྱིངས་ལྟར་རྗེས་སུ་བསྒྲུབས་ནས་ལྕེ་ལུང་གི་རྫོང་ལ་རབ་གནས་ལ་ཕྱིན། དེར་རྒྱལ་རྩེ་ནས་སྡེ་པའི་བཀའ་ཤོག་འབོད་མི་གནང་བྱུང་ཞིང། བློ་བདེ་ནས་ཀྱང་སྡེ་པ་མགོན་ཆེན་པ་བསྙུང་བ་ཐུ་མོ་སྐུ་སྲོག་གི་དགག་བྱ་ལ་ཐུག་པ་ཡོད་པའི་ནན་བསྐྱེད་ཀྱི་གསུང་ཤོག་བྱུང་ཡང། ད་ལྟ་ངེད་ལྕེ་ལུང་ནས་གཏིང་སྐྱེས་རང་ལ་ལམ་མི་འཆག་ལ་འགྲོ་ཞིང། ད་རེས་སྡེ་པ་མགོན་ཆེན་པ་མི་གཤེགས་པའི་ཁག་ལེན་ངེད་རང་གིས་བྱེད་པའི་ཞུ་ཡིག་ཕུལ་བ་ལ། སྙུང་བ་ཐུ་བ་རང་གི་སྒང་ཡིན་པས་དེར་ཡིད་ཆེས་མ་བྱས་ནའང། རྗེས་སུ་དེ་ཐོག་ཏུ་ཁེལ་པས་སླར་དད་མོས་འཕེལ་བ་བྱུང་འདུག། དེ་ནས་གཏིང་སྐྱེས་མཁར་ཆེན་གྱི་གཟིམས་ཁང་གསར་འདེབས་རང་དུ་ཟླ་བ་གསུམ་གྱི་རིང་ལ་དགའ་ལྡན་རྩེ་པའི་གཞི་གྲ་དཔུས་གཙང་གང་ཡོད་ཀྱི་སྟེང་དུ་དགོན་འོག་གི་གྲྭ་པ་དཔུས་སྒྲུགས་བྱས་པའི་གྲྭ་པ་རང་བརྒྱ་དང་བདུན་ཅུ་དོན་ལྔ་ཙམ་ལ་ལམ་འབྲས་སྨིན་པའི་མཐར་ཐུག་པའི་གཞུང་རྐྱང་རྫོགས་པར་བཤད་ཅིང། སྡེ་པ་ཡབ་སྲས་ཀྱི་གཙོ་མཛད་ལ་ཤིན་ཏུ་སྤྲོས་མེད་ཀྱི་ཟབ་ཁྲིད་ལག་བཅངས་སུ་བསྒྲིལ་བ་དང། ལྕེ་ལུང་རྫོང་གི་མཁའ་སྤྱོད་པའི་གདན་ས་བ་ལ་བཀའ་བསྡམས་vc: གདམསགླེགས་བམ་ཚང་བའི་དབང་ལུང་ཁྲིད་ཆོས། ལ་སྟོད་ལྷོ་ཕྱོགས་ནས་བྱོན་པའི་རྟོགས་ལྡན་ཆོས་སྐུ་ནམ་མཁའི་མིང་