[A:284]གི་མཐའ་རྒྱས་ལེགས་པར་ཕུལ་རྗེས། གསུང་ངག་ཆ་ལག་རྫོགས་པའི་སློབ་བཤད་དང། གཞན་ཡང་དབང་ལུང་རྗེས་གནང་དཔག་ཏུ་མེད་པས་དགོས་པའི་དབྱིངས་གང་བར་བགྱིས་ཤིང། མངའ་བདག་རྒྱལ་མོའི་དྲུང་གི་གཙོ་མཛད་ལ་ཡང་ནི་གུའི་དབང་ཁྲིད་རྫོགས་པར་བགྱིས་མཚམས། ལྷོ་མོན་ཕྱོགས་ཀྱི་ཕག་རི་རིན་ཆེན་སྒང་ནས་ལྷ་པའི་དྲུང་གི་འབོད་མི་ནན་བསྐྱེད་ཡང་ཡང་བྱུང་བ་བཞིན། ཤིང་འབྲས་འདྲ་ཟ་བ་དང། བསོ་ཡང་བསོད་པར་འདུག་སྙམ་སང་འདེགས་གནང་འདེགས་རང་ལ། གོང་ནས་བཀའ་དྲིན་ཅན་གྱིས་རྩེ་ལྔ་ཡེ་ཤེས་རྫོང་གི་ལྷ་ཁང་གསར་བཞེངས་ཀྱི་རབ་གནས་ལ་ཤོག་གསུང་པའི་བཀའ་ཤོག་ཕེབས་པ་ལ་བཀའ་དྲིན་བསབ་པར་དཀའ་བའི་ཡུས་ཀྱིས་ཡོངས་ནས། རབ་གནས་ཀྱང་བཅུ་བདུན་མཆོད་སྟེངས་རྒྱལ་ཕུར་འཛོམས་པའི་དུས་སྟེངས་སུ་ལེགས་པར་གྲུབ་པའི་སྐབས་འདི་ཉིད་དུ། དབུས་ནས་ཞབས་དྲུང་དཔོན་པ་ཁྲི་ལྕམ་དྲུང་ཕེབས་བྱུང་བའི་ཕེབས་བསུ་ལ་རི་ཁྲོད་ཇོ་ནང་དུ་སླར་ལོག་ནས། སྐུའི་དུབ་པ་གང་བསོས་ཀྱི་དགོངས་ལེན་མཐའ་དག་དང། ཚེ་དབང་བརྒྱ་རྩ་སོགས་བཀའ་དྲིན་རྗེས་དྲན་བགྱིས་ཤིང། འདི་སྐབས། ལྷ་རྩེར་བྱང་ནས་ཆོས་རྒྱལ་མེས་དབོན་རྣམས་ཀྱི་དྲུང་དུ་མཇལ་བ་ལ་ཕྱིན། ཞག་ལྔ་ཙམ་གྱི་རིང་ལ་གཤེད་དམར་ལྷ་ལྔའི་དབང་དང་ཚེ་དབང་བརྒྱ་རྩ་རྣམས་ཕུལ། སླར་ཇོ་ནང་དུ་འཁོར་རྗེས། ཆོས་རྗེ་དར་མ་བའི་དྲུང་དང་མཁས་མཆོག་གྲགས་བཟང་པ་ལ་ནི་གུའི་ཁྲིད་དང། གོང་ནས་ཀྱི་གཙོ་མཛད་ལ་རྩ་དབུ་མའི་ཁྲིད། དཔོན་ས་བདག་མོའི་དྲུང་དུ་སླར་ཡང་ཚེ་དབང་བརྒྱ་ཚར། གཞན་ཡང། སྡེ་པ་ལྷ་ས་རྫོང་པ་ལ་ཕུར་པའི་སྟོད་ལས་སྨད་ལས་ཀྱི་དབང་རྣམས་བྱས་