[A:285]རྗེས། ཉེར་བཞིའི་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་ལ། ཡང་ཡང་བཀའ་ཐོ་བྱུང་བ་བཞིན་གཞིས་ཀ་རིན་ཆེན་སྤུངས་པར་ཕྱིན། མར་ལམ་གསེར་མདོག་ཅན་ཚོར་མཁས་སློབ་རྣམ་པ་ལྔས་གཙོ་མཛད་ལ། པཎ་ཆེན་བཞུགས་ཁྲིའི་སྟེང་ནས་རང་རེས་བརྩམས་པའི་པཎ་ཆེན་རྣམ་ཐར་གྱི་ལུང་བཀླགས་ནས་མ་མྱུར་བར་བཅད་དེ། ཚེས་གསུམ་ལ་ཕོ་བྲང་རིན་ཆེན་སྤུངས་པར་ལེགས་པར་བཏོལ་པའི་ཉིན་མན་ལྷ་རྫས་མེ་ཏོག་དཀར་པོའི་ཆར་ཆེན་ཉིན་རེ་བཞིན་རྒྱུན་མ་ཆད་པར་འབབ་པ་ཞག་བདུན་བྱུང་ཞིང། ས་སྐྱོངས་མིའི་དབང་པོ་སྡེ་པ་རིན་པོ་ཆེའི་ཞབས་དྲུང་ཉིང་དུ་དགོངས་དབྱིངས་བཞིན་དུས་འཁོར་བདེ་མཆོག་གཤེད་དམར་སོགས་དབང་གྲངས་མང། ཚེ་དབང་ལྷ་དགུ། གྲུབ་རྒྱལ་མ། ཚེ་རྟ་སྦྲགས་མ་རྣམས་ཀྱི་དབང་བརྒྱ་ཚར་གསུམ། ཆོས་སྐྱོང་རིས་མང་པོའི་བཀའ་བསྒོ། ་ཕྱག་ཆེན་ངོ་སྤྲོད་སོགས་ཕུལ་ཞིང། སྡེ་པ་རྒྱལ་བུའི་དྲུང་དུ་ཡང་དེ་མཐུན་ཚེ་དབང་རྣམས་དང། གུ་རུའི་ཟླུམ་པོའི་བཞིའི་དབང། རྭ་ལྔར་དཔོན་སུ་ཡུམ་ཆེན་མོའི་དྲུང་དུ་ཡོད། སྦྱོར་དྲུག་ངོ་སྤྲོད་སོགས་དགོས་ཞེས་ཀྱི་དབང་ཆོས་ཕུལ། སླར་རི་ཁྲོད་ཆེན་པོར་བར་ཆད་ཀྱི་མཚན་མ་མེད་པར་སླེབས་མཚམས། གནས་རྙིང་རྗེའི་དྲུང་དུ་དབང་རྡོར་ཕྲེང། སྒྲུབ་ཐབས་རྒྱ་མཚོ། སྒྲོལ་མ་གཉེར་གཅིག་དང། དགོངས་པའི་བཞེད་རང་དུ་སྣང་བས་ཤངས་ཆོས་ཡོངས་རྫོགས་སོགས་དབང་འོང་མན་ངག་གིས་ཐུགས་ཀྱི་རེ་བ་མཆོག་ཏུ་བསྐངས་པའི་སྐབས་འདི་ཉིད་དོ༎
ཞེས་རེ་ཞིག་བརྗོད་པའི་སྒོར་གྱུར་པ་དེ་ཙམ་དེ་དབྲི་བསྣན་མེད་པའི་སརྒར་ཕྱེ་བའི་ལི་ཁི་ཏཾ།
ཡིད་དབང་ཆོག་ཤེས་བྲལ་བའི་རློམ་པ་ཅན༎
ནམ་