R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 286
[A:286]ཡང་བདེ་བའི་མལ་དུ་མནལ་མི་སྲིད༎ གང་བྱུང་ཅིས་ཀྱང་ཆོག་པའི་གུ་ཡངས་པོ༎ འཆར་ཁའི་སྣང་བས་བསད་པར་ནུས་མ་ཡིན༎ བསླབ་སྦྱང་འབད་པས་རྔོ་ཐོགས་བགྱིས་པའི་ཆོས༎ གྲོག་མཁར་སྦྲང་རྩི་ཇི་བཞིན་ཕྲ་མོའི་ཆད༎ མ་འདྲེས་ཡོངས་སུ་བརྩེགས་པའི་ཐོས་པའི་ནོར༎ དལ་འབྱོར་དོན་ཡོད་བགྱིས་པར་མཚོན་དཔེའོ༎ ཟང་ཟིང་འབྱོར་པས་དབུལ་བའི་བསོད་སྙོམས་པ༎ རྒྱ་ཆེན་ཐོས་པས་ཕྱུག་པའི་མཛོད་ལྡན་བདག༎ རྣམ་ཐོས་ཛམ་ལྷའི་དཔལ་ལའང་མི་སྨོན་པའི༎ འཕགས་ནོར་བདུན་གྱིས་ཡིད་ཀྱི་དབུལ་བ་བསལ༎ འདིར་སྣང་ཡུད་ཙམ་མདང་ནུབ་རྨི་ལམ་བཞིན༎ འཕྲུལ་ཤེས་བདེན་པར་འཛིན་པའི་ཁྲིམས་ཡོད་དམ༎ ཚེ་རབས་སྐྱིད་པའི་ལེགས་སྨོན་དམ་པའི་ཆོས༎ གང་ལའང་ཐོས་པའི་བག་ཆགས་བཞག་འདིའོ༎ ཡང་ཡང་སྲིད་པའི་གནས་འདིར་བདག་འཁྱམས་མོད༎ ཀུན་ཏུ་དགེ་བའི་བཤེས་ལ་བརྟེན་པ་དང༎ ལས་དཀར་ཆོས་ཀྱི་བྱ་བས་མ་ཕོངས་པའི༎ མཚམས་སྦྱོར་བཟང་པོས་ནམ་དུའང་མ་བཏང་ལགས༎ དེང་ནས་བཟུང་ཏེ་བྱང་ཆུབ་བར་དུ་ཡང༎ རྒྱ་ཆེན་ཐོས་པའི་བྱ་བས་མི་ཞུམ་ཞིང༎ ཞི་བའི་དབྱིངས་ལ་ཅི་ནས་མི་སྲེད་པའི༎ ནམ་ཡང་འགྲོ་བའི་དོར་ལ་རྗེས་ཕྱོགས་གྱུར༎ གསོན་ཡང་བྱ་རྒྱུ་བསྟན་དང་སེམས་ཅན་ཆེད༎ གུམ་པར་གྱུར་ཀྱང་ལས་སྨོན་དེ་ཉིད་དེ༎ མདོར་ན་ལུས་ངག་ཡིད་ཀྱི་བགྱི་བའི་ཚོགས༎ བསྟན་དང་སེམས་ཅན་དོན་ཕྱིར་བསྔོ་བ་ཡིན༎ བསྐྱིད་པར་གྱུར་ནའང་དཀོན་མཆོག་ཐུགས་རྗེའི་མཐུས༎ སྡུག་ཀྱང་སྔ་མའི་ལས་མཛད་ཡིད་སྤྲོའི་ངང༎ སྐྱིད་སྡུག་སྔང་བས་ལྷ་ཆོས་མི་འགོག་པ༎ ཡི་དམ་འདི་ལ་ནམ་ཡང་འགྱུར་བ་ཅི༎ དེང་སང་