R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 288
[A:288]ཤྲཻ་ཡ་སེསྟུ། འཇམ་མཉེན་མགོན་གྱུར་གྲུབ་པའི་དཔའ་བོ་ནི༎ དཔལ་ལྡན་འགྲོ་ཀུན་རབ་དགའི་སྨིན་གྲོལ་མཆོག༎ ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་ཡང༎ བློ་གསལ་རྒྱ་མཚོའི་སྡེ་ཡིས་རྣམ་པར་སྐོར༎ སྲིད་པའི་དཔལ་གྱིས་མྱོས་པའི་དབང་ལྡན་ཀུན༎ རབ་དཀའི་ཆོས་ཀྱི་སྣང་བས་གྲོལ་བ་མཆོག༎ རང་རང་སྐལ་པའི་ཆ་ཤས་གྱུར་པ་ནི༎ བློ་གསལ་རྒྱ་མཚོའི་སྡེ་ཡིས་ཡང་ཡང་སྦྱིན༎ ཀུན་ལ་སྙོམས་པའི་ཡིད་དགའི་ཕན་སེམས་ཙམ༎ རང་གྲོལ་མཆོག་གི་སེམས་ལ་བཞག་བྱས་ཏེ༎ ཕྱོགས་སུ་མ་ཆད་བདེ་བའི་དབུས་གང་དུ༎ ཆོས་སྦྱིན་ཟང་ཟིང་མེད་པའི་ཕན་བདེ་སྤེལ༎ གང་ཡང་གཞན་ལ་རབ་མཁུའི་ཁོང་ཁྲོའི་ཡིད༎ ཡིད་ཀྱི་ཁང་བུ་རང་སྣང་ལ་མཆེལ་དག༎ དག་པའི་སྣང་བ་རྒྱ་ཆེའི་སྐལ་དམན་རྣམས༎ རྣམ་གྲངས་དུ་མའི་སྙིང་རྗེའི་གནས་སུ་མཐོང༎ ཆོས་ཚུལ་ཀུན་སྣང་དྭངས་པའི་ཡིད་ཀྱི་མཚོ༎ མ་འདྲེས་གསལ་བའི་གཟུགས་བརྙན་བྱེ་བ་བརྒྱ༎ འགལ་མེད་དད་མོས་སྣང་བའི་རང་བབས་ནི༎ དཔྱོད་ལྡན་མིག་གི་གཟིགས་མོར་རྣམ་པར་བཀྲ༎ འདི་ན་སྔ་མའི་ལས་འཕྲོ་ལས༎ ཉེ་བར་རྙེད་པའི་དལ་འབྱོར་མཆོག༎ རྣམ་ཀུན་དོན་ཡོད་གྱུར་པ་ཡིས༎ བདག་ཡིད་ལན་བརྒྱར་ཚིམ་པར་གྱུར༎ བཀའ་དྲིན་