[A:291]དྲུང་ཆོས་སྐུ་བ་དཔོན་སློབ་རྣམས་ལྷོ་ལ་ཐེགས། བླ་མ་རྣམ་པ་ཡང་རང་རང་གི་དགོན་པར་ལོག། འཇགས་པ་གདན་ས་པ་ནས་མར་ལམ་ཇོ་ནང་དུ་གནས་འཇལ་ལ་ཡོང་པའི་དུས་དེར་གཞིས་ཀ་ནས་བྱང་གཡུང་གི་དམག་ཤངས་སུ་ཡོངས་དུས་སྨད་ཧོར་དང་བསྟུན་པའི་དགོས་མེད་འགའ་རེའི་ཞབས་འདྲེན་ལ་དགོངས་པའི་འཇག་ཏུ་མངགས་མི་གནང་ནས་ནག་མེད་ཀྱི་གཙོ་བོ་དགེ་སློང་འཇམ་དཔལ་མ་ཆུ་སྐྱུར་དང། གཞན་གདན་ས་པས་གཙོ་བྱས་ལ་ཡང་དྲག་པོའི་བཀའ་བཀོད་ཕེབས་ནས། དཔལ་ནམས་ན་སྡེ་པ་བཞུགས་པ་ལ་མི་རྐང་བཙུགས་བཏང་བའི་ཞུ་ངོ། ལྷག་པར་ཁྲ་མ་ནས་ཀྱི་དྲུང་དུ་ཕ་ཏྲཻ་བོའི་ཞལ་སྒོའི་གདུང་ངེད་རང་གི་གདུང་སྐལ་དེ་ཕུལ་ནས་ངོ་ཆེན་ཞུས་པས། སྐུ་ངོ་ཁྱད་འཕགས་བཀའ་དྲིན་བསྐྱངས་ཏེ་གསོར་གནས་བྱུང་རྗེས། གསེར་མདོག་ཅན་ཕྱིན་རྗེ་འབུམ་པའི་དྲུང། ཆོས་རྗེ་བྲག་ཐོག་པ་གཉིས་ཀྱི་གཙོ་མཛད་ལ་བླ་བྲང་གི་བསྐྱེད་ཚལ་དེར་རྡོ་རྗེ་ཕྲེང་བའི་དབང་བསྐུར་ཞིག་བགྱིས་པས་ཁམས་ཀྱང་ལྷག་པར་མ་བདེ་ཞིང། རྒྱུན་གཏོར་བྱ་རོག་གིས་གཏན་ནས་མི་ཟ་བ་བྱུང་བས་རྣམ་རྟོག་སྐྱེས། དབང་བསྐུར་ཉི་ཤུ་རྩ་གསུམ་སོང་བའི་ཕྱེད་མཚམས་སུ་བཞག་ནས་ཡར་ལ་ལོག་ཏེ་ཆོས་ལུང་བྱང་རྩེར་ཉིན་གཅིག་ལ་བསོས་ནས་སྟོད་ཕྱོགས་ལ་ཕྱིན། སྐྱ་སྐྱར་གློ་བོ་ནས་ཀྱི་སྐྱ་བཙུན་སྐྱ་སེར་དྲག་ཞན་འབྲེལ་ཡོད། ལྷོ་འབྲོག་ཀུན་འདུས་བྱུང་ཞིང། ཆོས་རྗེ་ཚ་རོང་པ་དཔོན་སློབ་རྣམ་པས་གསེར་ཞོ་སུམ་ཅུ་སོ་བདུན་གྱི་མཎྜལ་གྱི་མགོ་བྱས་པའི་ཟངས་རས་སྤོས་ཤེལ་བྱི་རུ་མུ་ཏིག་གི་འབུལ་བ། དེ་བཞིན་དུ་སྨན་ཁྲོད་ནས་རི་ཞིང་རྡོ་འཛིན་པ་དཔོན་སློབ་རྣམ་པས་ཀྱང་གསེར་ཞོ་སོ་བདུན་གྱི་མཎྜལ་སོགས་སྔར་དང་ཆ་འདྲ། དོལ་པོ་ནས་