R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 292
[A:292]དྲུང་པ་རྣམ་གྲོལ་བ་དཔོན་སློབ་རྣམ་པས་གསེར་ཞོ་བདུན་གྱི་མཎྜལ་གྱི་གཙོས་པའི་ཟངས་རས་གཙོ་ཆེ་བའི་འབུལ་བ། ཚའོ་ཚེ་མགོན་གྱིས་ངེད་རང་གི་ཨ་ཇོ་དཔོན་དྲུང་རྣམ་སྲས་པས་རྗེ་རྭ་སྟོན་གྱི་སྤུར་རས་ལ་བཞེངས་པའི་ལམ་འབྲས་བླ་བརྒྱུད་གསེར་ཐང་རྣམས་ཀྱིས་མགོ་བྱས་པའི་འབུལ་བ་རྣམ་གྲངས་མང་བར་བྱུང་རྗེས། དེར་ཡོངས་ཀུན་ལ་སྤྱི་འགྲོར་ཁོང་རང་སོ་སོ་བཞེད་དུ་འདུག་པས་རང་རེའི་རྣམ་ཐར་དང་བཀ་འབུམ་གྱི་ལུང་བཤད་དང། རང་རས་བློས་བླངས་ནས་དབང་རྡོ་རྗེ་ཕྲེང་བ། ནི་གུའི་ཁྲིད། རབ་བྱུང་བསྙེན་རྫོགས་གང་དགོས་རྣམས་བསྒྲུབས། སྤྱི་འགྲོར་ཉིན་རེ་བཞིན་མང་ཇ། བླ་མ་སློབ་དཔོན་སོ་སོ་ལ་ཡང་ཇ་བུར་ཉིན་རེ་བཞིན་མ་ཆག་པ་བྱས། དེར་ཁོང་རྣམ་པའི་ཞུ་བའི་གཙོ་བོ་ཡར་ཕྱོགས་ལ་འགྲོ་དགོས་པའི་ཞུ་བ་ནན་བསྐྱེད་རྣམ་གྲངས་མང་པོས་གདོང་མཆི་མས་བརླན་ནས་བྱེད་པར་སྣང་ཡང། ངེད་དབུས་གཙང་རང་དུ་བསྡད་པ་བསྟན་པ་དང་སེམས་ཅན་ལ་ཕན་པས་མི་འགྲོ་བྱས་ནས་ཐག་ཆོད་ལབས་རྗེས། ད་ཅིས་ཀྱང་གདན་མི་འགྲོངས་ན་སྔ་པོར་ཡུམ་གཤེགས་དུས་རྗེ་རང་གི་མནལ་ལམ་དུ་ཡུམ་གྱིས་ང་ལོ་བཅུ་དགུ་ལོན་དུས་ཁྱེད་ཀྱང་ཕེབས་པ་གནང་དགོས་ཞུས་པ་ལ་ཞལ་བཞེས་གནང་བའི་ལོ་དུས་དེ་ད་ལོ་ཡིན་པས། གདན་བཞུགས་གཟབ་རྒྱས་ཅིག་འབུལ་ཟེར་དེར་འཚོགས་ཀྱི་བླ་མ་སློབ་དཔོན། ཐ་ན་གྲྭ་རྐྱང་རེས་ཀྱང་གསེར་ཞོ་རེ་མ་ཕུལ་བ་ཡེ་མེད་ཅིང། རིན་པོ་ཆེ་གསེར་གྱི་མཎྜལ་བཤམས་ནས། མངའ་རིས་ཀྱི་ཟས་མཆོག་གཡོས་སུ་སྦྱར་བའི་ཚོགས་ཀྱི་ཁོར་ལོ་vc: འཁོར་ལོརྒྱ་ཆེ་སྤངས་མཐོ་དང་བཅའ་མོས་དུས་དང་དམ་ཚིག་གི་གཞུང་ཕྱི་ཐག་གི་དབང་ལས་ཚེ་ཡང་ལྷག་པར་བསྲིངས་པའི་ངེས་ཤེས་བྱུང་ནས། སླར་