R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 293
[A:293]ཤར་ཕྱོགས་ལ་འོངས་པའི་མར་ལམ་ཕ་རིན་པོ་ཆེ་ལོ་ཆེན་དྲུང་དངུལ་ཆུའི་དགོན་གསར་དེ་ན་བཞུགས་འདུག་པ་ལ་འབུལ་ཕུད་མཚོན་ཕྱེད། གསེར་ཞོ་སུམ་ཅུ་སོ་བདུན་གྱི་མཎྜལ་འབུལ་བ་ལ་དཔོན་མདོ་ཆེན་བཏང། ངེད་རང་གིས་དཔོན་ས། ཁྲི་ལྕམ་སླར་དབུས་ལ་ཕེབས་པའི་ལམ་སེལ་ལ་ཕྱིན་པས་ཆུ་དབར་དུ་གསེར་མདོག་ཅན་ནས་ཆོས་རྗེ་རིན་ལེགས་པ་རྗེ་འབུམ་པ་བསྙུང་ནས་འབོད་པ་ལ་བྱུང་བས། ངེད་ཀྱི་ཞུ་ལན་ལ། ད་སྐུ་ཚེས་མི་ཟིན་ངེས་པས་ཕྱིན་ཀྱང་ཕན་པ་མེད། སྔ་སོར་དེ་ཚོར་དཔྱིད་ཁ་དབང་ཕུལ་དུས་ནང་གཏོར་བྱ་རོག་གིས་གཏན་ནས་མ་ཟོས་པས་འདི་ཡོང་བ་ཤེས་ནས་དབང་ཡང་འཕྲོ་ལ་ཅམ་བཞག་པ་དེ་ཡིན། དོན་དུ་བསྙེན་བསྒྲུབ་གང་ཡང་མ་གནང་བར་ལམ་འབྲས་སོགས་གསང་སྔགས་ལ་སྩལ་བཤད་གནང་བ་ཁོ་ནས་སྐུ་ཚེའི་བར་ཆད་ལ་སོང་བ་ཡིན། ད་དགོངས་དབྱིངས་ནམ་མཁའ་དང་མཉམ་པས་ཐུགས་དམ་ལ་འབུངས་ཞུས་བྱས་པ་བཞིན་དུ་ཁོང་གིས་ཀྱང་ཕྱོགས་གོ་བའི་ཚུལ་རྣམས་ཕུལ་འདུག། དེར་ལམ་བསྲངས་ཉེས་སྐྱོན་ཅི་ཡང་མེད་པར་སྣ་དཀར་རྩེར་ཐལ་ཕེབས། སྡེ་པ་གཡུ་ལོ་བའི་དྲུང་དང་ཐོག་མར་མཇལ་ཞིང་ལེགས་སྦྱོར་གོང་འཕེལ་གྱི་ངང་ནས། སྡེ་པའི་དྲུང་དཔོན་ས་ཁྲི་ལྕམ་རྣམ་གཉིས་སོགས་ལ་ཀུ་རུ་ཀུལླེའི་རྗེས་གནང་རོགས་གསུང་ནས་ཕུལ་ནས། ངེད་རྣམ་པས་འབྲོག་ལམ་ལ་བྱས་ཡར་རྒྱབ་ཏུ་ཕྱིན། དེར་ཞལ་ངོ་རྣམ་པ་བྱིན་དང་མཇལ། སྡེ་པ་དཔོན་ཆེན་པའི་དྲུང་ནས་དོལ་ལྷུན་གྲུབ་ལྷ་རྩེ་ན་བཞུགས་འདུག་པས་ཞག་གཉིས་ནས་ཕེབས་བྱུང། ངེད་ལ་བཀྲ་ཤིས་ཁ་བཏགས་ཡུག་ཉིན་བདེ་མ་ཞིག་གི་ཕྱག་མཇལ་གནང། རྐང་པ་དབུ་ཐོག་ཏུ་བཞེས། ཐུགས་དྭངས་པ་སྟོབས་སུ་གྱུར་