[A:295]གར་བརྗིད་ཆགས་མཛད་ཅིང། དབང་རྫས་བུམ་ཆུ་དབུ་རྒྱན་རྡོ་དྲིལ། སྤྱན་རས་གཟིགས་ཀྱི་སྐུ་ཡི་གེ་དྲུག་མའི་འཁོར་ལོ་ཤེལ་ཕྲེང་རྣམས་སྤྲུལ་སྐུ་རང་དང། སྤྲུལ་སྐུ་ཆེན་པོ་པདྨ་གླིང་པའི་ཐུགས་སྤྲུལ་ཡིན་ཟེར་བའི་བན་གཞོན་ཞིག་གིས་ཁྲོམ་མི་ཐམས་ཅད་ལ་ཁྱེད་པ་མཛད་ནས། རེ་རེ་ལ་ཡང་མ་ཎིའི་པད་དབྱངས་དང། སྣ་ཚོགས་རོལ་མོའི་སྒྲ་དབྱངས་རྗེས་འབྲེལ་གནང། དེ་རྗེས་དབང་རྫས་རིལ་བུ་ལྕེ་འཇོག་རྫོགས་རྗེས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུས་ཁྲོམ་དེའི་དབུས་སུ་གང་ནས་འོངས་མེད་པའི་ཁྱི་ཕོ་དཀར་པོ་གཅིག་དང་ཁྱི་མོ་དམར་མོ་ཞིག་ཕན་ཚུན་ལུས་འབྲེལ་བ་ཞིག་བྱུང་བས། ངེད་རང་ཤིན་ཏུ་ངོ་ཚ་ཡང། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་བ་རང་ནི་རྟེན་འབྲེལ་ལྷག་པར་བཟང་གསུང་ནས་དགྱེས་དགྱེས་མཛད། དེ་རྗེས་སྤ་དབྱུག་བྲང་བཙུགས་ཀྱི་གཅེར་མཐོང་རིག་པའི་ངོ་སྤྲོད་ཚར་མཚམས། སྤྲུལ་སྐུ་རང་གི་དབུ་གནང། དེར་འདུས་ཡོས་སྣམ་རས་སོགས་ཀྱི་འབུལ་བ་སྤུངས་ཆེ་བ་བྱུང་ཞིང། དེ་ནས་དར་ལུང་ཡང་ཁྲོམ་དབང་ཞིག་ལ་བོས་ནས་ཕྱིན། མི་དམངས་འདུས་པ་ལ་ཚེ་དབང་གྲུབ་པའི་རྒྱལ་མོ་ཞིག་བྱས། དེ་ནས་གྲོགས་མཁར་ནང་སོས་གསེར་སྐུའི་རབ་གནས་ལ་བོས་བོས་ཕྱིན། འབུལ་བ་ཞབས་རྟོག་མཚར་མཚར་བྱུང། དེ་ནས་མེ་ལོང་དགོན་པར་ཆོས་རྗེ་བོང་བུའི་སྐུ་སྐྱེ་བའི་དྲུང་གིས་འབོད་མི་བྱུང་བས་དགོངས་ལེན་བྱས་ནས་ཞག་སྦྲེལ་བསྡད། བོ་གདོང་ཐམས་ཅད་མཁྱེར་པ་vc: བོ་དོང་ཐམས་ཅད་མཁྱེན་པའི་ཐུགས་དམ་ལྷ་ལྔའི་རྗེས་གནང་ཕུལ། དེར་ཡང་སྣམ་རས་དཔུས་vc: དབུསགཙང་མང་དུ་བྱུང་ནས་སླར་རྒྱལ་ཆེན་གླིང་དུ་ལོག་རྗེས་ཞག་འགའ་ནས་གསེར་མདོག་ཅན་དུ་གནམ་གང་ལ་རྗེ་འབུམ་པ་གཤེགས་པའི་གནས་ཚུལ་བསྲིང་བ་ལ་ལྷ་རྩེ་