R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 46
[A:46]བཱི་རུ་པ། ཟླ་བ་གྲགས་པ་རྣམས་ཀྱི་རྟོགས་བརྗོད། གངས་ཅན་གྱི་རྒྱན་དྲུག། ས་པཎ་ལ་ཀུན་ལས་ཁྱད་པར་དུ་བསྔགས་པ། བྱམས་པའི་དཀར་ཆག། ཆོས་འཁོར་གྱི་དེབ་གཏེར་མཛངས་པ་དགའ་བྱེད། སྡེབ་སྦྱོར་མེ་ཏོག་ཆུན་པོའི་དོན་འགྲེལ། སྨྲ་སྒོ་མཚོན་ཆའི་ཊིཀྐའི་ལུང་རྣམས་ཕལ་ཆེར་དགོངས་ཇའི་སྟེང་དུ་ཐོབ། དུས་དེ་ཙ་ན་བསྟན་པ་ཡར་ལྡན་དུ་འདུག་པས་གྲྭ་དཔུང་ཡང་འཕེལ་རྒྱས་ཆེ་ཞིང། སྙོམས་ཆུང་ལ་ཡོངས་ཀྱི་བརྩེ་བ། ཕན་ཚུན་བསླབ་སྦྱངས་ཁོ་ནའི་འགྲན་དང། གྲུབ་མཐའི་ཚིག་ཟུར་ནང་སེལ་བག་ཙམ་ལ་མཁས་པ་ནང་རྩོད་པའི་བརྗོད་གླེང་ཅུང་ཟད་ལས། འཇིག་རྟེན་ལབ་རིས་ཀྱི་རྗེས་མི་སྤྱོད། འཐབ་རྩོད་ཀྱང་འཁོན་འཛིན་དང་བྲལ་བ་སྒྱུ་མའི་གར་མཁན་གྱི་རོལ་རྩེད་ལྟ་བུར་སྟོན་པ། མྱོས་འགྱུར། ཕྱི་དྲོའི་ཁ་ཟས་སོགས་ལ་ངོ་ཚ་དང་འཛེམ་བག་ཆེ་བའི་ཀུན་སྤྱོད་མ་ལོག་པར་ཡོད་གྲྭ་སར་སྡོད་རིན་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་ནས་འཁོས་མེད་ཀྱི་བཙུན་ཆུང་བདག་ལ་སློབ་དཔོན་མཁས་པས་ཐུགས་ཀྱི་བརྩེ་བ་མི་མཉམས་པའི་བཀའ་དྲིན་ཆེན་པོས། སྤྱན་གྱི་འབྲས་བུ་ལྟར་འཚོ་བར་མཛད་དེ། ནམ་མཇལ་ཡང་སློབ་གཉེར་གྱི་བསྐྱེད་ཅི་བྱུང་དྲི་མལ་ཁོ་ན་གནང་བ་དང། སྐུ་མདུན་ན་དགེ་བཤེས་ཆེ་ཕྲ་སུ་ཡོད་དང་འབེལ་གཏམ་གྱི་སླེང་སློང་མཛད། དལ་བར་བསྡད་ན་ཕངས་པ་ལྟ་བུའི་བརྩེ་གདུང་གནང། སྐབས་དེར་གྲྭ་ཚང་དུ་སྡོམ་གསུམ་རབ་དབྱེའི་སྔགས་སྡོམ་གྱི་དབུ་ནས་གཞུང་སྐྱུར་གནང་བ་ལ། དེ་ཐད་ཀྱི་ཊཱིཀྐ་བསྟན་པའི་སྒྲོན་མེ་རང་གི་ཚིག་རིགས་ཚང་བ་དབུགས་ཐེང་གཅིག་ལ་བཤར་བས། དགེ་འདུན་ཚོགས་པ་ཐམས་ཅད་ཀྱང་ཐུགས་ཧ་ལས་ཤིང། ཉེ་བ་འགའ་རེས་ཁོང་རང་གི་ཐུགས་རབ་ཀྱི་འཁྱོངས་