R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 301
[A:301]འཕྲོ་ཡང་བཞག། གཞིས་ཀ་དང། རྒྱལ་རྩེ་ནས་འབོད་མི་ཡོད་པ་ས་སར་ཞུ་ཡིག་དང་བཅས་བཟློག་ནས། ངེད་རང་དཔོན་སློབ་ཉུང་བསྡུས་ཀྱིས་རྟ་ཤར་བྱས་ཕྱིན་པས་འཇད་བསྲུངས་མོ་ན་བཞུགས་འདུག་པས་མཇལ་དུས། ཧ་ཅང་གི་སྐུ་དུབ་པ་ཡང་མི་འདུག་པས་ངེད་བསུ་བ་ལ་ཡང་ཕེབས་བྱུང་ཞིང། དེའི་གནངས་འོད་ལི་བྱས་ནས་ལྷ་དབང་རྩེར་སྤྱན་དྲངས་རྗེས་ཚེ་ལྔ་ལ་གཤེགས། དེར་མི་ངན་གྱིས་དཀྲུགས་པའི་ལྷ་ས་རྫོང་པ་ལ་དབུ་མནའ་ཁྱད་བསད་ཀྱི་བཀའ་སྐྱོན་ལ་ཐུགས་རྩེ་གཏད་ངོས། བརྗོད་འདོགས་བློ་འདས་ཀྱི་དམ་འགལ་རང་གནང་བའི་དམིགས་སྟོད་བྱུང་ཞིང། གོང་ནས་དེ་ཀུན་ལ་ཡང་སྐུ་ཚིགས་སྡིག་གིས་འདས་པའི་བཀའ་དྲིན་ལྷག་པར་ཆུང་བ་བྱུང་སོང་རྗེས། ངེད་ཀྱི་ཇོ་ནང་རང་དུ་འོངས་འཕྲལ་རྟེན་གྱིས་ཡིད་རྨུས་ཕྱུང་བའི་ཚེ་བློས་བཏང་གི་ཚེ་དང་སྒྲུབ་པ་སྙོམས་པ་ཞིག་ཇོ་ནང་རང་དུ་བྱེད་བསམ་པ་ཤར་ནས། ཁྲི་ཁང་སོགས་སུ་ཡང་ཚུལ་དེ་རང་ལག་བྲིས་སུ་ཁྱོན་པ་ཕུལ། དེ་རྨི་ལམ་དུ་ཛོ་ཀི་གདོང་ནག་པོ་བྱས་པའི་མིག་རྩ་དམར་ཤིག་ཤིག་པ་ཅིག་གིས་ངེད་ལ་ཁྱོད་རང་ལྟོས་ཅིག་ཤིང་ལོ་སེར་ཙམ་དུས་བརྟགས་ཡོང་ཟེར་བ་བྱུང་བ་ཀུན་ལ་སྨྲས་ཤིང། གོང་ནས་ཀྱི་མཚན་བྱང་གི་ཡོན་རྣམས་ངམ་རིངས་ཆོས་སྡེར་འབུལ་ཡིག་ནང་ལྟར་རྩིས་སྤྲོས་བྱས། དེར་ཇོ་ནང་དུ་བྱང་ནས་བདག་པོ་ཆེན་པོའི་དྲུང་དང་གོང་ནས་ཀུན་དགའ་རིན་ཆེན་པ་ཡང་ཕེབས་བྱུང་ཞིང། སྐུ་མཆེད་རྣམ་གཉིས་ཤིན་ཏུ་སྐུ་ན་ཕྲ་བ་ཡིན་ཀྱང། ཡབ་ཀྱི་ཕྱི་ཐག་བསྐྱངས་པའི་གནང་སྒོ་ཡ་མཚན་བློས་དཔག་པར་མི་དཔོགས་པའི་ཡིད་བསོ་ཡང་དག་གིས་བཀའ་དྲིན་འཁོར་མར་བསྐྱངས་ཞིང། ད་རེས་ཀྱང་ཐུགས་ནས་བཞར་བའི་བསླབ་སྟོན་ཡང་དག་