R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 305
[A:305]རང་སྐུ་ཚེའི་འདུ་བྱེད་བཏང་པའི་ཚོགས་དབུ་ཡང་སྐུ་མཆེད་རྣམ་པའི་བཀའ་མ་ཕྱོགས་པར་བྱས། དེ་དུས་སྐུ་འབུམ་ཐང་གི་དབུས་སུ་བསྔོ་བའི་སྐབས་འབུམ་པ་གནང་བ་ལ་ཞབས་དྲུང་སྤྲུལ་པའི་སྐུ་ཆེན་པོ་རང་གི་གཙོ་མཛད་ཞལ་ངོ་ལྔ་ཕེབས་ནས་ཚོགས་ཀྱི་ས་བརྗེན་བསྲང་ཁའི་གཞི་དེར་ཕྱག་གདན་ཙམ་ཡང་མི་གནང་བར་དབུ་དཔྲལ་པ་ངན་ལ་གཏུགས་པའི་ཕྱག་མཛད་པ་མཐོང་བས། དཔོན་ཁྲོ་རྒྱལ་འབུམ་ཞེ་ནས་ཧ་ལས་པའི་བློ་འདས་ཀྱི་དད་མོས་སྐྱེས་པ་བྱུང་འདུག། སྟག་ལུང་ནས་སླར་ལོག་ཡོང་དུས་ལམ་འུ་ཡུག་ལ་བྱས་གཞིས་ཀར་སླེབ་པས་ཞབས་དྲུང་ཁུ་དབོན་ནི་གང་ཡང་མ་བཞུགས་འདུག། ཁྲ་མ་ནས་ཀྱིས་ཕེབས་བསུ་གཞི་ལེན་ཡང་དག་གནང་ཞིང། ཞག་གཉིས་ནས་པ་ནམས་ནས་ཁུ་དབོན་མགྱོགས་བཤད་གནང་ནས་ཕེབས་པ་དང་མཇལ་བྱས་རྗེས། ཚོགས་པའི་མཁན་པོའི་བཀོད་ཇ་ཞུ་བ་ལ་ཆོས་རྗེ་ཀུན་བཟང་རྒྱལ་པོ་དང་འབེར་ནག་གཉིས་བརྫངས་ཤིང། ཆོས་ལུང་ནས་དབོན་ཆེན་པས་མཁན་རིན་པོ་ཆེའི་དགོངས་རྫོགས་བསྔོ་རྟེན་དུ་འཇམ་དབྱངས་རྒྱ་སྐུ། དངུལ་རྐྱན། དངུལ་ཏི། རྡོ་རྗེ་བཟང་ལམ་མའི་བླ་བྲེ། དིང་ཕོན། རྟེན་ཁེབས་བཟང་བསྒྲིགས། ཐུབ་པ་གནས་བཅུ་རྣམས་བྱུང་བའི་གནས་བཅུ་དེ་གྲྭ་ཚང་ཆེན་མོར་ཕུལ། དངུལ་བཅད་རྣམས་ནས་སུ་བསྒྱུར་ནས་དགེ་བའི་དམིགས་ཐེས་སུ་བཞག་ནས། རྭ་ལྔར་དབོན་ས་ཡུམ་ཆེན་མོའི་དྲུང་དུ་མཇལ་བའི་རྗེས་མཐའ་རང་ལ་ཕྱིན་དགྱེས་དགྱེས་སྔར་དང་མི་འདྲ་བ་རང་གནང། དབུའི་གཙུག་གི་ལྷས་མ་རིང་བ་ཞིག་གཅོད་པ་མཛད་ནས་སྐྲ་འདི་བཞར་སེར་ཚུགས་ཅིག་འཆི་ཁར་བྱེད་རང་བསམ་ཡང་བྱེད་དབང་མ་བྱུང་པས་ལུས་མ་སྒྱུར་ཡང་སེམས་སྒྱུར་ནས་ཕྱི་མ་ལྷ་ཆོས་ཀྱི་