R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 307
[A:307]མོའི་ཤོལ་འདེབས་དོས་དྲག་པས་ཆོས་བཅོག་མ་ནུས་པར་མ་སླེབ་པར་སྡེ་པ་སྐུ་ཚེའི་འཕེན་པ་བསྡུས་པ་ཞིག་བྱུང་འདུག་ཅིང། དེར་ཆོས་རྗེ་སྐུ་སྐྱེ་པ་སྐུ་རྐྱང་ལ་རྡོར་ཕྲེང་ཕུལ་བ་དང་ཁྲིད་བཤམ་རྫོགས་ནས་རྒྱལ་རྩེར་སྡེ་བའི་དགོངས་རྫོགས་དབུ་ལ་སླར་ཡང་འབོད་མི་བྱུང་ནས་ཤར་ཕྱོགས་ལ་ཕྱིན་སྐབས། ར་ལྔར་ཡུམ་ཆེན་མོ་ཆོས་དབྱིངས་སུ་ཕེབས་པའི་ཐུགས་དམ་འདོགས་འབུལ་མི་དང། སྟག་ལུང་སྣ་དཀར་ནས་ཆོས་རྗེ་བྲག་ཐོག་པ་སྙུང་བ་ལ་འབོད་མི་བྱུང་ཡང་དུས་ཐུག་པས་མ་སླེབ། རྒྱལ་རྩེའི་ཆོས་སྡེར་ཚོགས་དབུ་བསྒྲུབས་རྗེས་ར་ལྔར་ཡུམ་ཆེན་མོའི་མཚན་བྱང་གཞུ་བ་ལ་འོངས་ནས་འོད་ཞུར་ཕུལ་རྗེས། གཞིས་ཀར་ཞབས་དྲུང་དུ་གཤེད་དམར་ལྷ་ལྔའི་དབང་སྔོན་དུ་སོང་བའི་སྤྲོས་མེད་ཀྱི་ཟབ་ཁྲིད་འཇེན་པར་བསན་ཞིང། འབྲུག་ལོའི་སྐབས་ཚེ་ཀྲིད་གསན་དུས་བཞིན་བརྙེལ་ཐོ་ཡང་འདེབས་པ་གནང་ནས་རྨུ་རྣམ་སྲས་གླིང་བར་སྐྱེལ་ཐུང་གནང་སྟེ་པ་ནམས་སུ་དཔོན་ས་མ་ཕམ་པའི་སྐྲ་སིལ། མཚན་མ་ཕམ་ཆོས་ཀྱི་སྒྲོན་མར་གསོལ་ཞིང། དེ་ནས་བསམ་སྡིངས་སུ་གདན་སའི་ཐ་སྙད་དང། ཡང་དགོན་མགོན་ཁང་དུ་ཕྱག་དྲུག་པའི་བྲིས་སྐུ་ཐོད་ཚད། མདའ་དར་བཅུ། ཁྲབ་རྨོག་གྲི་གསུམ། གཏོར་གུར་གསེར་མ། སྟག་གཟིག་གུང་གསུམ་གྱི་པགས་པ། ཕྱག་མཚན། རུས་རྒྱན། ཁྲ་མ་ནས་ཀྱི་རྟེན་ཐུགས་ཆེན་མོ་རྣམས་ཕུལ་རྗེས་ཁྲི་ཁང་བརྒྱུད་ནོར་བུ་གླིང་དུ་སླེབ་ནས། སྔོ་གསེར་མདོག་ཅན་དུ་འཕྲོ་ལུས་པའི་རྡོ་ཕྲེང་དྲུང་ནས་དོན་རྡོར་བས་དབུ་མཛད་ལ་བཙུགས་ཤིང། པཎ་ཆེན་རིན་པོ་ཆེའི་གཟིམས་ཁང་བཀྲ་ཤིས་བརྩེགས་པར་རྒྱ་ལི་བརྒྱ་དང་ལྔ་བཅུ་ཞལ་གསེར་ལེགས་པར་སྦྲན་ནས་ཕུལ་ཞིང། ཚོགས་སུ་རས་ཡུག་བརྒྱ་དང་བརྒྱད་ཀྱི་