R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 308
[A:308]འགྱེད་བསྒྲུབས། ཕྲེང་བ་གྲོལ་རྗེས་རྗེ་འབུམ་པའི་སྐུ་འདྲའི་རབ་གནས་ལ་ཕྱིན་ནས་ཚོགས་སུ་པཎ་ཆེན་གྱི་རྣམ་ཐར་ཆེན་མོའི་དབུ་ཞབས་མཚོན་རེ་དང། བར་གྱི་ཆོས་འཁོར་སྐོར་བའི་སྐབས་ཚང་བར་སྒྲགས་པ་ཕྱིས་ཁྱི་ལོ་ལ་ཆོས་རྒྱ་ཆེ་སྤངས་མཐོ་བར་ཆད་མེད་པར་མཐར་ཕྱིན་པའི་རྟེན་འབྲེལ་སྒྲིག་ཕྱོགས་སུ་སོང་འདུག་ཅིང། དེ་དུས་ཆོས་རྗེ་རིན་ལེགས་པས་ཕུལ་བའི་དོན་ཡོད་གྲུབ་པའི་ལི་སྐུ་འཁྲུ་གང་པ་ཅིག་གི་མགུལ་དུ་རྒྱ་གཡུ་ཆེན་མོ་ཞིག་བཏགས་ནས་ཐེལ་འབྱར་བྱས་ཤངས་པ་གྲྭ་ཚང་དུ་བཞག་ཡོད། སླར་བསམ་འཕེལ་བརྒྱུད་སྤོས་ཁང་དུ་གཞི་བྱས་ཀྱི་མཁན་སྒོ་གཉིས་ཚོགས་པ་དང་བཅས་པས་བསུ་བའི་བཀོད་པ་རྣམ་གྲངས་མང་པོ་དང་བཅས་རྗེས་སེམས་དཔའ་ཆེན་པོའི་སྤུར་བཞུ་སར་ཞག་བཞི་བསྡད། ཚོགས་སུ་མང་ཇ་དར་འགྱེད་ཕུན་སུམ་ཚོགས་པ་བསྒྲུབས་ནས་ཆོས་སྡེར་མཁན་རིན་པོ་ཆེའི་ནང་རྟེན་རྒྱལ་བ་བྱམས་པའི་སྐུའི་རབ་གནས་ལ་ཕྱིན། སྔར་སྤུར་བཞུའི་སྐབས་དེར་ཚོགས་པ་ལ་མང་ཇ་རས་ཡུག་དར་གྱི་འགྱེད་བྱས་པ་ལྟར་རབ་སྟོན་ཆ་མཚུངས། སླར་མངོན་དགར་སྡེ་པ་སྐུ་མཆེད་རྣམ་པ་གསུམ། དབུ་མཛད་ཆེན་མོས་གཙོ་མཛད་དབང་ཆ་གཅིག་ལ་རྡོ་ཕྲེང་གཟབ་རྒྱས་གྲོལ། དབྱར་གནས་རིང་དབུ་མཛད་ཆེན་མོས་དབུ་མཛད་ཚོགས་པ་རྣམས་ལ་སླར་རྡོ་ཕྲེང་ཚར་ཅིག་བྱས་རྗེས། མཁན་རིན་པོ་ཆེའི་དགོངས་པ་རྫོགས་ཆེན་བླ་མེད་ཀྱི་སྔགས་སྐུ་འབའ་ཞིག་བའི་གསེར་ཐང་བཅུ་བདུན་འབྲི་བ་དང། སྐུ་འདྲ་སྐུ་ཚད་མ་བཞེངས་པའི་ཁ་བཀོད་བྱས་ནས། ཡར་འབྲོག་ཕྱོགས་སུ་སྡེ་པ་བསྟན་འཛིན་པའི་འབོད་མི་གནང་ཐོག་ཕྱིན། རྣམ་རྒྱལ་རྫོང་དུ་རྗེ་བཙུན་སྐུ་སྐྱེ་མའི་ཞབས་ཕྱིར་སྡེ་པ་སྐུ་མཆེད་བཏགས་པའི་དྲག་བསྡུས་ལ་དབང་རྡོ་ཕྲེང། ནི་