[A:314]བྱང་ནས་སྐུ་མཆེད་དང་མཇལ་ཙམ་བྱས་ནས་གཏིང་སྐྱེས་སུ་པཎ་ཆེན་གྱི་རྣམ་ཐར་གྱི་ལུང་སོགས་བཀའ་ཆོས་ཕྲིན་ཙམ་དང། སྡེ་པ་ལ་གསེར་ཞོ་བརྒྱ་ཙམ་ཕུལ་བའི་དགོན་སོ་སོར་རྗེ་རྣམ་གསུམ་གྱི་དུས་མཆོད་རྟེན་ལག་ཡོད་དུ་ནས་ཁལ་བརྒྱད་བརྒྱ་གནང་བའི་བཞི་བརྒྱ་དགའ་ལྡན་རྩེ། བྲག་དཀར་གསེར་གླིང་དུ་ཉིས་བརྒྱ་རེ་རེ་བཙུགས། ལྷག་ཆོས་གཞིས་སྤང་མི་ཆུང་བའི་བཀའ་ཤོག་གནང་བས་བློ་བདེ། དེ་ལོའི་དགུན་ཁྲིད་སྟེངས་སུ་གདོང་ཁ་ནས་ཞལ་ངོ་རྣམ་པ་ལ་ལམ་འབྲས་ཞིག་བཙུགས་པའི་སྐབས། གློ་བོ་ནས་ངེད་འབོད་པ་ལ་དབོན་པོ་ཀུན་དགའ་དཔལ་བཟང་པོ་བ་དང་ཨ་ཕ་བློ་གྲོས་གཉིས་སླེབ་བྱུང་ཞིང། ཆོས་རྣམས་བར་ཆད་མེད་པར་གྲོལ་མཚམས། སྨན་སྡིངས་སུ་ཕ་ལོ་ཆེན་དྲུང་དུ་མུ་ཏིག་གི་ཕོད། ཟངས་ཆེན་གཉིས། ཀར་ལྟང་སོགས་འབུལ་དུ་བཏང་ནས་ཤར་ཕྱོགས་ལ་ཡོང། རྒྱལ་རྩེ་བརྒྱུད་བྱམས་ཆེན་དུ་ནི་གུའི་ཁྲིད་རྒྱས་པར་བཤད། དེ་སྐབས་ཆིབས་བཟང་བ་རང་ཅིག་ཕུལ་བ་གསེར་མདོག་ཅན་ཚོར་ནས་ཁལ་ལྔ་བརྒྱར་བསྒྱུར་ནས་ཐུག་ཚུལ་ལ་བཙུགས་ཤིང། རྭ་ལྔ་དུས་དབང་རྣམས་ཕུལ། རེས་ལ་ལ་བྱས་ཆོས་སྡེར་དགེ་ཚ་ལ་འབོད་མི་བྱུང་ནས་ཕྱིན། མཁན་ཆེན་རིན་པོ་ཆེའི་སྐུ་འདྲའི་རབ་གནས་དང། གོས་སྐུའི་སྙན་དར་ལ་དམིགས་པའི་དར་ཁ་བཏགས་འདྲེས་པ་བདུན་བརྒྱ་སུམ་ཅུའི་སྟེངས་སུ་གོས་དར་ཡུག་ལོངས་ཀྱི་གོང་ལག་འཕྲུལ་ལྕེ་བཏགས་པའི་བཀྲ་ཤིས་ཁྲ་རིངས་ཞིག་གསར་བཅོས་བྱས་ཤིང། དཀྱིལ་འཁོར་གཙོ་བོ་མཁན་ཆེན་ན་རིམ་གྱིས་ཕྱག་རྒྱུན་ལྟར་ཀྱེའི་རྡོ་རྗེའི་རྡུལ་ཚོན་གྱི་དབུ་ལ་བསྡད། བཅོ་ལྔའི་མཆེད་སྟེངས་སུ་མང་ཇ། གོས་སྐུ་ཞལ་འབྱེད་སྐབས་བཀྲ་ཤིས་ཁྲ་རིངས་གསར་བཅོས་དེ་