[A:49]གསུང་བ་ལ། ན་མཿ་གུ་རུ་བྷྱེའི་གདགས་གཞི་བྱས་པ་ལ་སོགས་སྨིན་པ་འདྲ། ད་གང་ལས་ཀྱང་བཀའ་འབུམ་གྱི་ལུང་འདི་མ་ཆད་ན་ཁྱད་ཆེ་གསུང་བ་ལ། སྔར་གྱི་སྙིང་གཏམ་སྐུལ་འདེབས་དེ་དྲན་ནས། འདོན་ལུང་རྫོགས་པ་ཞིག་གི་ཐུགས་རྗེ་གནང་དགོས་ཞུས། ཞལ་གྱི་ཡང་བཞེས་ཏེ། རོང་ཆེན། ཀུན་མཁྱེན་དོན་ཡོད་དཔལ་གཉིས་ཀྱི་རྣམ་ཐར། དབུ་མའི་བྱུང་ཚུལ་ལྟ་ཁྲིད་ཆེན་མོ། ཚུལ་གཉིས་རྣམ་འབྱེད་རྩ་འགྲེལ། རྔོག་ལོ་ཆེན་པོའི་རྣམ་ཐར་བསྟོད་པ། སྤྲིངས་ཡིག་བདུད་རྩིའི་ཐིགས་པའི་རྣམ་འགྲེལ། སྨན་བླའི་བྲིས་vc: དྲིསལན། བཟང་སྤྱོད། བྱམས་སྨོན། ཤེར་སྙིང། བློ་སྦྱོང་ཚིག་རྐང་བརྒྱད་མ་རྣམས་ཀྱི་ཚིག་འགྲེལ། མཁས་པ་འཇུག་སྒོའི་ཊྭིཀྐ་vc: ཊཱིཀྐདང་དྲིས་ལན། བདེ་བ་ཅན་གྱི་ཞིང་བཀོད་སྨོན་ལམ། སྨོན་ལམ་བདུན་ཅུ་པའི་དོན་འགྲེལ། མཚན་བརྗོད་ཊྭིཀྐ་vc: ཊཱིཀྐ། གསང་འདུས་དང་བདེ་མཆོག་རྣམ་བཤད། ཆོས་ཕྲན་བརྒྱ་རྩ་རྣམས་ཀྱི་བཤད་ལུང་རིམ་གྱིས་ཐོབ། ལོ་ངོ་གསུམ་པོ་དེ་མདོ་ཕྱོགས་ཀྱི་ནན་ཏན་ཆ་མཐུན་ཡོད་པའི་སྐབས། སྡོད་ས་ལྕང་གདོང་རིན་པོ་ཆེའི་དཔྱིལ་བུ་ན་ཡོད་དུས། ཕར་ཕྱིན་སྤྱི་དོན་གསུང་རྒྱུན། བཤོར་གྲོགས་ལ་དགེ་སློང་དོལ་བུ་ནུབ་རེ་བཞིན་གྲྭ་ཁང་ནས་ནམ་ཚད་བརྒྱད་ཆ་ཙམ་ལ་ཡོང་བའི་སྐབས་ཞིག་གི་རྨི་ལམ་དུ། ངེད་གཉིས་དགོན་པའི་མདུན་ན་བང་འགྲན་བྱེད་ཀྱི་འདུག་པ་ལ། ཁོང་གཡངས་ལ་ཤོར་བའི་རྐྱེན་བྱས་རྨི་ལམ་ཟིན། དྲུང་པ་ཆོས་རྗེའི་དྲུང་དུ་ཐལ་ཕྱིན། ཞལ་ཏ་ཅིག་ཞུ་འདོད་ལ་སྒོ་ཕྱེ་བས་གཉིད་སད་འཕྲལ་སྨྲས་པས། སློབ་དཔོན་པས་དགོངས་ནི་གུའི་དབུ་འཛུགས་པའི་ཉིན། དེང་སང་ཐུགས་གཉེར་དུས་བསྒོམ་ཁྲིད་གསན་སྐབས་མིན་ཀྱང། མནལ་ལམ་རང་ཟིན་འདུག་པ་ཚུན་ཁྲིད་ལ་