R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 50
[A:50]ཕེབས་པ་ལེགས་གསུང་ཟླ་ཆོས་ཅིག་ཞུས། སྐབས་ཤེད་དྲུང་ནས་ཡོན་རིན་པ་དང་ལྷན་དུ་ཕག་མོ་བརྡ་བཞིའི་དབང། དོ་ཧ་སྐོར་གསུམ། པར་བུ་བའི་ཊྭཨིཀྐ་vc: ཊཱིཀྐས་དཔྱད། ལོ་རྒྱུས་སྒྲུང་འགྲེལ་ཞིབ་བཤད། དོ་ཁྲིད་དང་བཅས་པ་ཞུས། བདག་རང་རྐྱང་བུ་ལ་སླར་སྒོ་ལོའི་གཏུམ་མོ་པོ་ལྡུམ་པ་ལ་གསན་པ་དེ་ཡང་བསྩལ། མངའ་རིས་ལ་འགྲོ་དུས་རྫོང་ཆོས། གང་བློ་མའི་བསྟོད་བསྒྲུབ་ཀྱི་རྗེས་གནང་རྟེན་འབྲེལ་བསྒྲིགས། འཕྲལ་ཡུལ་དུ་དངོས་དང་བརྒྱུད་པའི་བཀའ་ལུང་བརྩེ་བས་བྱོན་པའི་གྲངས་ཀྱང་དཔག་པར་མི་ནུས་པའི་ཚོད་ཙམ་ཡོད་ཅིང། ཡུལ་ལ་ལྡོག་དུས་དངོས་སུ་བཀའ་བསྩལ་འདོམས་པ་ལ། ད་རེས་ལས་བརྒྱའི་བཤད་པ། མདོ་རྩའི་གཏོང་ཆོས་གཉིས་ཀའི་དགེ་འདུན་བསྡུ་བའི་གཎྜིའི་ཐད་ན་འདུག་པས་ཕྲིན་ལས་རྒྱ་ཆེན་པོ་ཡོང་ངེས། སྔར་ངེད་ཀྱི་མཐོང་སྣང་མ་དྲུང་པ་གཤིན་རྗེ་གཤེད་དམར་པོའི་སྐུ་མེ་དཔུང་གི་དབུས་ན་བཞུགས་པའི་གསལ་སྣང་བརྫུན་མེད་དུ་བྱུང་བས། འདི་ལ་ཡི་དམ་གྱི་གཙོ་བོ་གནང་བ་ཞུ། ཕྱིས་འབྱོན་པ་ཞིག་བྱུང་ན་བསལ་པ་ཡོངས་སུ་རྫོགས་པ་ཡིན་ནའང། ཡར་ཕྱོགས་མཛད་པ་རྒྱ་ཆེས་པས་ཐོན་པ་དཀའ་གསུང་བའི་ངེས་གསལ་མངོན་སུམ་དུ་གདམས། ཆོས་གྲྭ་ཆེན་པོ་ནས་བཏེགས་པའི་ཉིན། བཀྲ་ཤིས་ལྷུན་པོར་ཞག་ས་བྱས། ལྷའི་བཙུན་པ་བློ་བཟང་བསྟན་པའི་ཞལ་སྔ་ནས་སྔར་འཁྱུང་ལྟར་དཔེ་མེད་པའི་ཐུགས་ཚད་བསྐྱངས། ལམ་གྱི་ཉེར་མཁོ་མཐའ་དག་གིས་རེ་བ་ཡིད་བཞིན་སྦྱོར་བར་མཛད་དེ། བྱང་ངམ་རིངས་སུ་བདེ་བར་ཕྱིན། དེར་ཟླ་བ་དྲུག་བསྡད་པའི་སྐབས་ཁང་གསར་དུ་ཁམས་གསུམ་གྱི་འདྲེན་པ་གླིང་ཁ་བ་ཆེན་པོ་མཇལ་བ་ལ་ཕྱིན། ལྷ་བབས་ཀྱི་དུས་བཟང་པོ་ལ་དགྱེས་པའི་