[A:51]འཛུམ་ཞལ་གསལ་བར་མཐོང། དེ་ནས་གཟུང་སྟེ་ཟླ་བ་ཕྱེད་གཉིས་བར་ཞབས་པད་བསྟེན་ཆོས་བཀའ་ཐོག་མ་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་དབང། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་བདེ་མཆོག་དཀར་པོའི་བྱིན་རླབས་དཔྱལ་ཨ་མོ་གྷའི་ཡིག་ཆའི་སྟེང་ནས་རྫོགས་རིམ་དམིགས་ཁྲིད། ཆོས་རྗེ་རོང་སྟོན་གྱིས་པཎ་ཆེན་ཤཱཀྱ་ཤྲཱི་ལས་དངོས་སུ་གསན་པའི་བདེ་མཆོག་དཀར་པོའི་ཚེ་སྒྲུབ། དཔའ་བོ་དུར་ཁྲོད་བདག་པོའི་རྗེས་གནང། དེ་དག་དང་འབྲེལ་བའི་ལུང་རྣམས་སྨིན་པར་ཐོབ། དེར་ཆོས་རྗེ་ངོར་ཆེན་བློ་vc: གློབོར་སྤྱན་དྲངས་པའི་ཕེབས་ལམ་བྱང་ལ་སྒྱུར། རྗེ་ཡབ་སྲས་ཞལ་མཇལ་བའི་ལེགས་ཚོགས་གནང་བའི་སྐབས། ཤར་ནས་ཀྱི་དཔོན་སློབ་རྣམས་ལ་ཚེ་དབང། རྒྱུ་ལམ། ལམ་ཟབ། བིར་བསྲུངས། རྣལ་འབྱོར་མ་རྣམས་རྫོང་ཆོས་སུ་གནང་བ་ཀུན་ལྷན་ཅིག་ཐོབ། ཁྱད་པར་རང་ལ་དཔེ་མེད་པའི་ཐུགས་རྗེས། བདུད་རྩི་རིལ་བུའི་གནང་སྦྱིན། ལུང་བསྟན་བསླབ་བྱ་ཡང་དག་པས་ཡིད་ལྷག་པར་ཚིམ། འབྲེལ་ཚད་དོན་ལྡན་གྱི་མོས་གུས་སྙིང་ནས་སྐྱེས། སླར་བསྙེན་རྫོགས་དོན་གཉེར་ལ་ཡོང་འདོད་རྒྱུ་མཚན་ཕུལ་བས། བཀའ་མ་ཁྲོལ་བ། དེ་ནས་རིང་པོར་མ་ལོན་པར་བདེ་བ་ཅན་དུ་གཤེགས་པ་ལ་དགོངས་པར་འདུག་པ། བསམས་པས་དུས་གསུམ་གཟིགས་པའི་ཡིད་ཆེས་རྙེད། སྔར་ཨེ་ཝཾ་དུ་ཞལ་མ་མཇལ་བ་ནས་གསོལ་བ་བཏབ་པས། རྨི་ལམ་དུ་འདོད་རྒྱལ་གྱི་རྗེས་གནང་ནོད་པའི་དུས་ཀྱི་སྐུའི་རྣམ་པ་ཇི་ལྟ་བ་བཞིན་འཆར་སྒོ་མ་འཛོལ་བ་སོམ་ཉི་བྲལ་བའི་ལམ་ལ་བཀོད། དེར་ཞབས་ལ་ཕྱག་བྱས་ཡིད་འཕྲེང་བའི་ངང་ནས་རྗེའི་ཕྱག་ཕྱིར་བཀྲ་ཤིས། ལམ་བདེ་བར་ཟླ་བ་བཅུ་གཅིག་པའི་བཅུ་བཞི་ལ་བློ་vc: གློབོ་ནང་དུ་ཕེབས། བཅོ་ལྔའི་ཉི་