[A:52]ཤར་ནས་བསུ་བ་གྱ་ནོམ་པའི་བཀོད་པས་རིམ་པར་སྤྱན་དྲངས་པའི་དུས། དྲུང་པ་ཆོས་རྗེ་དང་མཇལ་བས་ལུས་སེམས་ལ་བྱིན་རླབས་ཞུགས། ངེས་ཤེས་ཀྱི་མཚན་མ་བརྟན་པོ་བྱུང། དེ་འཕྲལ་པཎ་ཆེན་བྱམས་པ་གླིང་པ་དང་ཡང་མཇལ། དགྱེས་པ་ཆེན་པོས་བརྩེ་བར་བསྡམས། དེ་ཉིན་ཀ་མཁན་ཆེན་རིན་པོ་ཆེའི་ཞལ་གྱི་དཀྱིལ་འཁོར་ཡང་མཐོང་སྟེ་བསམ་པ་ཡིད་བཞིན་དུ་འགྲུབ། བཅིངས་པ་བློད་པ་ལྟར་དེ་ནུབ་རང་གི་ཁྱིམ་དུ་ཕྱིན། ཨ་མ་དང་མཇལ་བློ་ལྷག་པར་བདེ་བར་བྱུང། དེ་ལོ་སྨོན་ཐང་དུ་དགུན་ངོ་རྗེ་ཡབ་སྲས་ཀྱིས་རྒྱུར། ལམ་འབྲས་སྦགས་ནས་གསུང་པའི་ཆོས་གྲྭར་ཞུགས། གསུང་རྒྱུན་ཡིད་ལ་ཅི་འཇགས་བྱས། རྒྱུད་ཀྱི་ཚུལ་བཞིའི་ཕྱི་རྣམ། ལྗོན་ཤིང་གཉིས་ཀྱི་བཟུར་འདེབས་སྐྱར་ཆོས་སུ་གནང་བའི་ཟིན་ཐུན་འཛིན་པ་སྔ་ཕྱིར་ཆོས་ཐུན་ཐ་དད་ཉན་པ་སོགས་ཉི་རངས་པ་སྡོད་རྒྱུ་སྐར་ཅིག་ཀྱང་མེད་ཅིང། སྲོད་ནས་མཚན་མ་ཕྱེད་པར་སྒྲོན་མེའི་འོད་ལ་བརྟེན། རྒྱུད་སྡེ་སྤྱི་རྣམ། མངོན་རྟོགས་ལྗོན་ཤིང་གཉིས་ཀྱི་ཤོག་བུ་གསུམ་གསུམ་བློ་ལ་གཟུང། མཚན་ཐོག་ཐག་ཤར་སྦྱང་བྱས་པས། ཡུམ་གྱི་དགོངས་པ་ལ། གུང་ཙིགས་དམ་པོ་བྱས༎ དེ་ནས་མཚན་ཡལ་ཤར་སྦྱང་བྱེད་པ་འདི་འདྲ་ལ་རླུང་ཡང་ལངས་ཉེན་ཡོད། སྙིང་ཡང་རྗེ་བར་འདུག་ཅེས་བཞེས་སྤྲོ་མང་པོ་བཅོས་ནས། ང་རང་གི་སྲིང་མོ་ཆུང་ཤོས་དེས་སྐྱེལ་དུ་ཡོང་གི་འདུག་ནའང། ཁྱིམ་སུན་འབྱིན་པའི་ཉེས་བྱས་སུ་སོང་དོགས་ཅུང་ཟད་ཀྱང་མ་ཟོས། ངས་ཤར་སྦྱང་གི་སྐད་དུམ་ཅིག་བཅག་ལ་བསྡད་ཀྱིས། ཁྱོད་རང་ཟོ་ལ། ཨ་མའི་རྩར་ངས་ཟོས་སོང་ཞུས་བྱས་ཞག་མང་པོ་བསྟུད་པས་སྐབས་སྐབས་མུན་ཐུམ་པ་ལུས་འཁྱོར་བ་ཙམ་བྱུང་ནའང།