[A:54]སྐུ་མདུན་དུ་གསོལ་རྟིང་མའི་སྟེང་དུ་ཤར་ཕྱོགས་ཀྱི་སྐད་བྱ་གླེང་མོལ་ཞུ་བ། སློབ་གཉེར་ཇི་ལྟར་བྱུང་གི་ཞིབ་སྤྱོད་དྲིས་མལ། དྲུང་བཙུན་པས་གཙོ་མཛད་དང་འབྲེལ་གཏམ་ཁོ་ན་གནང། དགོང་ཇའི་སྟེང་གསུམ་ཆོས་ཐུན་མི་འཆག་སྩལ་བའི་ཐོག་མར་ཁྱེད་རང་གི་དབུས་གཙང་ནས་ཞུ་ཡིག་ཏུ་ཡང་བཀོད། གསོལ་བ་བཏབ་པའི་འདོད་ཆོས་འདི་བགྱི་གསུང། གཤེད་དམར་གྱི་རྣལ་འབྱོར་བཞི་ཁྲིད། རྣམ་རྟོག་འོད་གསལ། བདུད་རྩིའི་བྱིན་རླབས། རང་བྱིན་རླབས། འཁོར་ལོའི་བྱིན་རླབས། འཕོ་བའི་བྱིན་རླབས། བདུད་རྩི་འོད་འཆང་མའི་རྣལ་འབྱོར་རྣམས། རྗེ་ཡབ་སྲས་གཉིས་ཀ་ལ་བཀའ་མི་བཞུགས་པས་གསོལ་བ་འདེབས་མི་མང་བ་བྱུང་སྟབས་གསང་ནས་བསྡམས། སྔར་ཁྲིད་དཔལ་མོ་ལུགས། ཇོ་བོའི་གསུང་ལ་ཡོལ་སྒོམ་ཆོས་དབང་གི་ཟིན་ཐོ་སྡེབས་པ་བྱང་སེམས་ཟླ་རྒྱལ་ལུགས། ཞང་སྐྱི་ཚ་འོད་ཆེན་གྱི་ཁྲིད་ཡིག། བྱང་ཆུབ་བཟང་པོ་ལུགས། སྐྱེས་མཆོག་འབར་ར་བའི་ཡིག་ཆ་ལ་བརྟེན་པ་སྟེ་དམར་ཁྲིད་སྒོ་གསུམ་ཡང་ཐོས། རྟ་མགྲིན་ལྕགས་རལ་ཅན་གྱི་བྱིན་རླབས་སྒྲུབ་སྐོར། ཆོས་སྐྱོང་ཆེ་ཆུང་གི་བཀའ་སྒོ་དམ་གཞག་ཐུན་མོང་མ་ཡིན་པའི་ངེས་གསང་ཡང་སྩལ་མཚམས། སླར་སྨོན་ཐང་དུ་རྗེ་ཡབ་སྲས་སོ་སོའི་རྒྱུད་དང་སྔགས་མལ་གཉིས་ཀའི་ཆོས་ཞུ་ལ་བསྙགས་སྔར་བཞིན་ཉིན་མཚན་རྒྱུན་མ་ཆད་པའི་བསླབ་སྦྱངས་སྙིང་ནོན་པ་བྱས། རྒྱུད་ལ་གོང་མཆན་དག་ལྡན་གྱི་སྐྱར་ཅག་མཐའ་ཆོད་ཞིབ་ལེན་ཁོ་ན་ཆོས་ཐུན་རེ་རེ་ནས། མདང་གི་ཚིག་དེ་རིང་མ་བཟློས། དོན་ཐོབ་ཀྱི་བབས་རྒྱུན་འབྲེལ་བའི་བཤད་པ་གོ་བདེ་གཟུང་སླ་བ་ཤ་སྟག་གནང་བས་དྲོད་པ་ཆེན་པོ་སྐྱེས། བསམ་མནོ་ཁོར་མོར་བཏང་བའི་ཐེ་