[A:55]ཚོམ་ཐམས་ཅད། པཎ་ཆེན་བྱམས་པ་གླིང་པ་ཡང་རྒྱུད་བསན་ཀྱིན་ཡོད་པས་ཞུས་ཏིག་ལེ་ལོར་མ་སོངས་བ། ཐ་ན་ཚིག་གི་ཟུར་ཙམ་ལ་དཔྱད་པ་དགོངས་པ་ཡང་དཀར་རྟགས་བཏབ། ཆོས་ཐུན་གྲོལ་མཚམས་ས་ཁ་ལིའི་ཁ་ཕྱེ་ནས་མཛུབ་བཙུགས་སུ་ཡིག་ངོ་སྤྱན་ལམ་དུ་ཕུལ་ནས་དག་བྱེད་ཞུས་པས། དགྱེས་ཏེ་འཕགས་འོད་ཀྱི་ལོ་རྒྱུས་ཡང་ཡང་གསུང། ཆོས་སྒུག་སྐབས་བགྲོས་གླེང་བྱུང་བ་ཀུན་གྱི་ཁ་འཛིན་བཤགས་འདེབས་ཐམས་ཅད་ཀྱང་པཎ་ཆེན་པ་ཉིད་ཀྱིས་མཛད། ཨཱཿ་ལར་ནང་དུ་དེ་ལ་འདུག་ཟེར་བ་ཡིན་གསུང་བསླབ་བྱ་མཛད་པའི་གྲངས་མི་དཔོགས་པ་ཙམ་ཡོད་དེ། ཆུ་ལ་དབྱུག་པ་རྒྱབ་པ་བཞིན་རྗེས་མེད་ལ་མ་བཏང། དེ་དུས་ངས་འདི་ཞུས། རྗེས་འདི་གསུངས་ཕྲེང་བ་ལ་བགྲང་རྒྱུ་ཡོད། རྒྱུད་མཆོད་ཞུ་མི་ཡང་གནང་ཆགས་ཀྱིས་མ་ཆད་པ་བཟང་འགྲན་འབའ་ཞིག་བྱུང། འཕྲལ་དཔེ་སྐྱོར་བ་ལ་བརྗོད་པ་བདེ་ཞིང་མདུན་པ་མ་ལོག་པའི་བརྩོན་འགྲུས་ལ་མཁན་རིན་པོ་ཆེ་ཡང་ལྷག་པར་མཉེས། ཉིན་རེ་བཞིན་ཐུགས་རྩིས་ཇི་ཆེ་བཀའ་དྲིན་བསྐྱངས། དུས་དེར་གཙོ་བོར་སྙེན་བཀུར་གྱི་ཞབས་ཏོག་སྒྲུབ་ཡུལ་རྗེ་ངོར་ཆེན་པ་དཔོན་སློབ་བྱེས་པ་རྣམས་ཁོ་ན་ལ་བགྱིས་རྗེས་ཀྱང་ཐུགས་རྗེ་ཚད་མེད་པས་སྤྱན་དུ་བཅུག་ཀྱང་མི་ཚ་བའི་དཔེས་ལམ་གྱི་ཆ་ལག་རྣམས་ཀྱང་བདག་གཅིག་པུ་ཁོ་ན་ལ་རྫོགས་པར་གནང། ཕྱི་བསྐྱེད་རིམ་སྐབས་བདག་མེད་པའི་ཕྱི་དཀྱིལ་རྡུལ་ཚོན་ལ། གསང་དབང་གི་སྔོན་འགྲོར་ནང་དཀྱིལ་སིནྡྷུ་ར་ལ་བརྟེན་པའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ། རྒྱུ་ལམ་སྐབས་ཨཥྚ། ཡིག་བརྒྱའི་ཟླས་ལུང་ཐད་སོར་སྦྱོར་བ། ལམ་དུས་རྒྱས་འབྲིང་བསྡུས་གསུམ། ལམ་དུས་གསོ་ཆོག། ལམ་ཟབ་ཕྱི་ནང། བླ་མ་རིན་