[A:56]འབྱུང། བིར་བསྲུང་སྒོ་གཉིས། རྣམ་འཇོམས་བིར་ལུགས། དབང་གོང་མ། ལམ་སྦས་བཤད། བརྡ་དོན་གསལ་བ། བརྡ་ཚིག་བརྒྱུད། སྒྲུབ་པ་ལུང་སྦྱིན། མགོན་རྐྱང་ལ་ཐུག་གི་བར་དབང་བཀའ་བྱིན་རླབས་ཆ་ལག་དེ་རྣམས་ཀྱང་ཐད་སོ་དེ་དང་དེ་ཁོ་ནར་ཕྱག་བཞེས་ལ་ཡང་ཟོར་མི་མཛད་པ་མཐོང་བ་བརྒྱུད་པའི་བཀའ་སྲོལ་ཇི་ལྟ་བ་བཞིན་རྒྱུ་སྐར་འཆར་བའི་གོ་རིམ་ལྟར་མ་ལོག་པར་སྩལ། དེ་དང་ལྷན་དུ་ཡིག་སྣ་དྲུག་ཅུས་མཚོན་པའི་ལུང་བསམ་གྱིས་མི་ཁྱབ་པ་ཚོགས་ཆོས་སུ་སྤྱི་འགྲོར་འདེམས་པ་དེ་དག་དང། མན་ངག་ཕྲ་མོ་ལྷན་དུ་བསྒྲིགས་པའི་པོད་དམར་མ། མགོན་པོའི་སེར་པོ། དམར་པོ་སྐོར་གསུམ་གྱི་ཡིག་ཆ་རྣམས་ཀྱི་ལུང་ཟུར་ཆོས་སུ་གནང། ལུགས་གཉིས་ཀའི་མཛད་པ་རྒྱུན་མི་འཆད་ཀྱིས་ཐུགས་ལྷག་པར་གཡེངས་པའི་སྐབས་དེར་ཡང། བདག་ལ་མས་བུ་ལ་བརྩེ་བ་ལྟར། རབ་གནས་སྦྱིན་སྲེག། ས་ཆོ་ག་སྒྲུབ་མཆོད། གཏོར་སྒྲུབ། བསྐང་གསོ། ཟུང་འཇུག། དྲུག་ཅུ་པ། གདོན་གྲོལ། བུམ་གཏེར་སོགས་བླ་མ་གོང་མའི་ཕྱག་བཞེས་ཡོད་དོ་ཅོག་ལ་མཛུབ་ཀྲིད་vc: ཁྲིདནན་ཆག། ཤ་ལྤགས་རུས་གསུམ་ལ་ཐིམ་འགྲོ་བ་ལྟ་བུའི་མགོ་འདྲེན་ཕུ་དུར་མཛད། སྡེ་པ་རྣམས་ལ་གནང་བའི་ཕྱག་ཕྱིར་རྗེ་ཉིད་ཀྱིས་དགོངས་པས་སྤྱད། ང་རང་གིས་གསོལ་བ་འདེབས་མ་དགོངས་པར། དགེ་ལེགས་ཀྱི་དཀྱིལ་འཁོར་གསུམ་གྱི་དབང། འདོད་རྒྱལ། ཀུ་རུ་ཀུལླེ། ཚོགས་བདག། མགོན་པོ་ལྕམ་དྲལ་ལྷ་བརྒྱད་རྣམས་ཀྱི་རྗེས་གནང་ཐོབ། དེར་རྒྱུད་དང་མན་ངག་བར་ཆད་མེད་པར་མཐར་ཕྱིན་པའི་སྐབས། ཆོས་ཀྱི་གྲོལ་སྟོན་ལ་རྗེ་ཡབ་སྲས་ཀྱིས་གཙོ་མཛད། སྡེ་པ་སྐུ་ངོ་ཐ་དད། མི་ཆེན་ཀུན་འདུས་པའི་སྐབས་དེར། ང་དང་རབ་འབྱམས་པ་བློ་