[A:57]གྲོས་རྒྱ་མཚོ་གཉིས་སྡོམ་གསུམ་གྱི་ས་རྣམས་བགྲོད་པར་བྱ་བའམ། ཞེས་པའི་གཞུང་འདིའི་བཤད་པ་ངེད་ལ་གྱིས་གསུང་བའི་བཀའ་ལུང་བྱུང་བས། སྤྱི་འགྲོར་སྔར་བློ་ལ་ཡོད་པའི་ཊཱིཀྐ་བསྟན་པའི་སྒྲོན་མེའི་ཚིག་སྦྱོར་ཇི་ལྟ་བའི་སྟེང། ས་ལམ་བགྲོད་ལུགས། ལྗོན་ཤིང་བདག་མེད་བསྟོད་འགྲེལ་སོགས་ནས་ཁ་བསྐང་ཞིབ་བཤད་བྱས་པས། རང་གི་བསོད་ནམས་ཀྱི་དགོས་སྐལ་མ་བརྟེན། རྔོ་ཐོགས་ཞིང་འགྲོས་གླེངས་ཡང་བག་ཆགས་འདྲིལ་བ། མཆོད་ཡར་ལ་ཐུག་གི་བར་རང་གཞན་གྱི་བསམ་པ་རྫོགས་པ་རང་ཅིག་བྱུང་བ་དེས། མཁན་རིན་པོ་ཆེ་དགྱེས་པ་རབ་ཀྱི་མཐར་ཕྱིན་པར་གྱུར་ཞིང། གྲལ་ལ་བཞུགས་པའི་རྗེ་ངོར་པ། པཎ་ཆེན་བྱམས་གླིང་པ་སོགས་ཐམས་ཅད་ཀྱི་གསུང་ཅིག་གི་གཟེངས་བསྟོད་དང། ཤེས་རབ་ལ་འགྲན་ཟླ་མེད་པའི་གྲགས་དེ་ཁོ་ནས་ཆོད། བཞུགས་གྲལ་དེ་ཉིད་ཀྱི་སྟེངས་སུ་རྗེ་ཡབ་སྲས་གཉིས་ཀ་ལ་རྒྱུད་མན་ངག་གི་ཆོས་ཡོན་སོ་སོ་ནས་འབུལ་བའི་སྐབས་དེར། རང་གི་ངོས་སྐལ་རྒྱུད་ཀྱི་བཀའ་དྲིན་གསོ་བ་གསེར་ཞོ་གསུམ་གྱིས་སྣ་གྲངས་པའི་བཅུ་གསུམ་ཚན་ཞིག་དང། མན་ངག་གི་ཡོན་དུ་གསེར་སྲང་གསུམ་རྣམས་ཕུལ། ལུགས་གཉིས་ཀ་ཡར་དཔེ་ལ་འགྲན་པའི་མིག་རྐྱེན་བཟང་པོ་འབད་མེད་དུ་བྱུང། བཀྲ་ཤིས་ཀྱི་ལེགས་ཚོགས་དེ་དག་གི་མཐར། ས་ཁའི་དུས་ཆེན་སྟེང་དུ་རྗེ་ངོར་ཆེན་ཡབ་སྲས་ལ་མཁན་སློབ་ཞུས། དྲུང་པ་ཆོས་རྗེ་པས་གསང་སྟོན་གནང། གྲིབ་ཚོང་ཁ་བསྐོང་གི་དགེ་འདུན་བཅུ་ཕྲག་གཅིག་གི་དབུས་སུ། ཉིན་མཚན་གྱི་ཆ་ལས་གུང་ཚིགས་མ་ཡོལ་བ། གྲིབ་ཚོད་སྐྱེས་བུ་གཅིག་དང་རྐང་པ་གཉིས་ལ་བབ་པ་ན། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པའི་སྡོམ་པ་ཐོབ། མཁན་སློབ་དགེ་