R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 60
[A:60]གནང་བ་གྲོལ་མཚམས་རྗེ་ངོར་ཆེན་གྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་བསྐངས་ནས། ཆོས་ཀྱི་སྲིད་ལ་མངའ་གསོལ་གནང་བའི་ཕྱག་ཕྱིར་བདག་ཀྱང་བཀྲ་ཤིས། མཁན་རིན་པོ་ཆེ་ཉིད་ཀྱི་བཀའ་འབུམ་གསེར་མ་པོད་བཞི་མའི་བཤད་ལུང། ཕག་མོ་ཞལ་གཉིས་མ། དོན་གྲུབ་མ། དབུ་བཅད་མ་རྣམས་ཀྱིས་བྱིན་རླབས། ཕག་མོ་གཞུང་དྲུག། དེའི་དོན་འགྲེལ། དཔྱལ་པའི་ཡིག་རྙིང་མ་ལུས་པ། ཐམས་ཅད་མཁྱེན་པ་བུ་སྟོན་གྱིས་མཛད་པའི་འདུལ་བའི་གླེང་འབུམ། ཀུན་རིག་གི་རྩོད་སྤོངས་གནམ་ལྕགས་འཁོར་ལོ། འཇམ་དབྱངས་ཆོས་རྗེས་མཛད་པའི་མཐའ་སྤྱོད་ཞིབ་རྒྱས། མན་ངག་གཅེས་བསྡུས་ཆ་གཉིས། ཕྲ་མོ་ཉི་ཤུ་རྩ་ལྔ། རྡོ་རྗེ་གདན་པའི་ཆོས་དྲུག་པ་རི་བའི་གསེར་ཆོས་བཅུ་གསུམ། སྒྲོལ་དཀར་གྱི་སྒྲུབ་སྐོར། ལོ་ཆེན་མ་ཎི་ཀའི་ཁྱད་ཆོས་མ་ལུས་པ། ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་རྣམས་གནང་མཚམས། རྗེ་ངོར་ཆེན་དྲུང་ཀུན་མཁྱེན་ཆེན་པོའི་བཀའ་འབུམ་ལུང་དོན་གཉེར་བ་འགའ་ལ་གནང་བའི་སྐབས། ཤར་ནས་བྱོན་པའི་ཆོས་རྗེ་རྐྱང་ཐུར་བ་སོགས་ལ། དགྲ་གདོང་འཇིགས་གསུམ། གཤེད་དམར་ལྷ་ལྔ་དང་བཅུ་གསུམ་མ། འཇམ་དཔལ་གསང་ལྡན། གཟུངས་ཆེན་གྲྭ་ལྔ། སྤྱན་རས་གཟིགས་ལྷ་མངས། གདུགས་དཀར་ཅན། རིགས་གསུམ་སྤྱི་དབང། ཨ་ར་པ་ཙ་ལྷ་ལྔ། མི་འཁྲུགས་པ་ལྷ་དགུ། གཟའ་ཡུམ་ཟུར་བཀའ་རྣམས་ཀྱི་དབང། འཇམ་རྡོར། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། བཤེད་དམར་བཅུ་གསུམ་མ་རྣམས་ཀྱི་རྒྱ་གཞུང་མཐའ་དག་གི་ལུང་སྩོལ་བར་མཛད་པའི་ཆོས་ཐུན་ཕན་ཚུན་མ་ཆག་པར་ཉན་པ་དང། སྔར་བྱིས་པའི་དུས་ཀྱི་བླ་མ། བྱང་སེམས་རིན་པོ་ཆེ་སྐ་རགས་གནས་ཨ་མས་ཁྱིམ་དུ་སྤྱན་དྲངས་