R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 59
[A:59]སུམ་ཚོགས་པ་ཆོས་སྣང་ལ་བརྟེན་སྤེལ་བས། མང་དུ་ཐོས་པའི་དྲང་སྲོང་ཆེན་པོ་གནས་བརྟན་བཟང་པོ་བརྟན་པ་ཐུགས་ལྷག་པར་ངེས་ཤེས་འདྲོངས་པའི་ཟོལ་མ་ཡིན་པ་གཟེངས་བསྟོད་དངོས་དང་བརྒྱུད་པར་སྩོལ་བར་མཛད། སྐབས་དེར་དྲུང་པ་ཆོས་རྗེ་པའི་བཀའ་ལས་ཀྱང་བསྔོ་བ་འདི་རང་གཞན་གྱི་ལེགས་བྱས་ཐམས་ཅད་སྤེལ་བའི་གསེར་འགྱུར་གྱི་རྩིའི་སྨན་མཆོག་ཡིན། དེ་ལ་མི་ཟད་པའི་སྤོབས་པའི་སྒོས་འདུས་པའི་དགེ་འདུན། སྐྱེ་བོ་ཐ་མལ་པ་ཡང་ཡིད་འཁྲུལ་ཐུབ་པའི་ངག་བཟང་པོ་རྩོལ་མེད་དུ་ལྷུག་པར་བྱུང་བ་ངོ་མཚར་ཆེ། སྔ་མའི་བསགས་པ་དང་ཡི་དམ་གྱི་ཐུགས་རྗེའི་མཐུ་ལས་རང་ངོའི་ཁེངས་སེམས་ཀྱིས་བཅིངས་ན། ང་རྒྱལ་གྱི་བདུད་འཇུག་ཉེན་ཆེ་འོང་གསུང། དུས་སྐབས་དེར་གདན་སའི་ཁུར་བླངས་པའི་དགའ་སྟོན་རྣམ་གཞག་ལ་བཞུགས་ཁྲིར་འཁོད་པའི་ཐོག་མའི་གནང་སྦྱིན། དྲུང་པ་ཆོས་རྗེས་སྣམ་ཆོས་ངུར་སྨྲིག་གི་རྒྱལ་མཚན་ཚུལ་ཁྲིམས་ཀྱི་དྲི་གསུང་ལྷག་པར་འཕྲོ་བ། རྒྱུན་དན་དུ་དམ་ཚིག་གི་རྟེན་བྱར་མཛད་པའི་རྒྱ་དྲིལ། ཁྱད་པར་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱིས་ལྡེ་མིག་གཏད་པའི་རྨི་ལམ་བྱུང། རྒྱུད་བཤད་ལ་འགྲོ་དོན་རྒྱ་ཆེ་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་གསུང། རྒྱུད་གསུམ་གྱི་གླེགས་བམ། འདྲེན་པ་དམ་པ་ཉིད་ཀྱིས་རྭ་སྟོན་ཆོས་རྗེའི་སྒྲང་ཆེན་ལ་རྒྱུ་མཛད། དམ་ཚིག་གླེགས་བམ་དུ་བྱིན་གྱིས་བརླབས་པ་ཡང་བསྩལ། དེ་མཚམས་རྗེ་བླ་མ་ཡབ་སྲས་སོ་སོའི་མོས་གུས་ཀྱི་རྟེན་དུ་ན་བཟའ། གནང་སྦྱིན་བསམ་གྱིས་མི་ཁྱབ་པ། སྡེ་པ་དཔོན་སློབ་ཐ་དད་ཀྱིས་བཀྲ་ཤིས་ལེགས་བྱས་གྱ་ནོམ་པ་རྒྱུན་མ་ཆད་པས་ཟླ་ཕྱེད་བར་དགོན་པར་ཐོགས། དེ་བར་རྗེ་ཡབ་སྲས་གཉིས་ཀ་བརྙེལ་བསོའི་རྣམ་པས་སྐུ་མཚམས་