R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 62
[A:62]འདི་གལ་ཆེ་བ་ཡིན་གསུང་དབང་བཞི་ངོ་སྤྲོད་ཀྱི་ལག་བཅངས། དབང་བཞི་བསླབ་པ་གསུམ་ལྡན་གྱི་དམིགས་པ། སྦས་བཤད་ཐུགས་རྡོ་རྗེ་དང། ཕོ་བྲང་ལྔའི་ཉམས་ལེན། རླུང་བྱོར་གྱི་འཁྲུལ་འཁོར་ཞལ་ཞེས་མ་ལུས་པ། བརྡ་དོན་གསལ་བའི་ཁྲིད། རྨི་ལམ་སྦྱོང་སྤེལ་གྱི་གནད་འདོམས། ཆོས་སྐྱོང་གི་སྐོར། རྗེ་ཉིད་ཀྱིས་བདག་ཆེན་བློ་གྲོས་པ་ལ་གསན་པ་རྣམས་ལྷུག་པར་སྩལ། དབྱར་གྱི་དགག་དབྱེ་བགྱིས། ལྗོངས་རྒྱུ་ལ་རྗེ་ཡབ་སྲས་ཀྱི་བཀའ་ལུང་ཆེན་གཏད་གནང་ནས་ཆོས་སྡིངས་སུ་ཕྱིན། བདེ་མཆོག་དྲིལ་བུ་ལྷ་ལྔ། ལྭ་ཝ་པའི་ལྷ་བཅུ་གསུམ་མ། བདེ་མཆོག་བོང་བུའི་ཞལ་ཅན་གྱི་དཔལ་སྡོམ་པ་རྣམས་ཀྱི་དབང་བཀུར་བ། བདེ་མཆོག། འཇིགཡ་བྱེད་ཀྱི་སྔགས་བཏུའི་བྱིན་རླབས། ཆོས་རྗེ་པཎྜི་ཏས་མཛད་པའི་བྱང་ཆུབ་སེམས་དཔའ་བྱམས་པ་དང་ནོར་བཟང་གི་རྟོགས་བརྗོད། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར། དཔལ་ལྡན་ས་སྐྱ་ལ་ཆེད་དུ་བརྗོད་པ་དབང་པོའི་ཉེར་འཚོ་རྣམས་ཀྱི་ལུང་དང། རབ་གནས་ཀྱི་རྒྱུད། གསང་སྤྱི་རྒྱུད། དཔའ་བོ་གཅིག་གྲུབ་རྣམས་ལ་བཤད་པ་མཐའ་ཆོད་ཤིན་ཏུ་རྒྱས་པ། ཐུགས་མཉེས་བཞིན་པའི་ངང་ནས་སྔོན་གྱི་ལོ་རྒྱུས་དཔག་ཏུ་མེད་པ་དང་སྦྱར་གནང་བས། ཆོས་ཐུན་ཇི་ཙམ་རིང་བ་ལ་སུན་པ་མེད་ཅིང། གྲོལ་བ་ལ་ཕང་སེམས་ཆེ་བ་ཤ་སྟག་བྱུང། ཆོས་སྡིངས་སུ་བཞུགས་དུས། རྗེ་རོང་པའི་དྲུང་གིས་འཕྲལ་གྱི་གོ་རེ་མེན་ཕལ་མོ་ཆེ་ཡང་འཇགས་པར་བགྱིས། སྔར་ཀུན་སྤངས་རིན་པོ་ཆེ་ལ་མགོན་པོའི་ནང་ཁྲིད་ཀྱི་ཞབས་མ་ཐོབ་པ་དེས་མེས་ལ་རྩེར་བར་ཡོད་པས། རྗེ་སངས་རྒྱས་རིན་ཆེན་གྱིས་མཛད་པའི་ཡིག་ཆའི་སྟེང་ནས་རྫོགས་པར་ཐོབ། སྟོན་སེར་སླར་ཡབ་སྲས་ལྷན་དུ་སྨོན་ཐང་དུ་ཕེབས། ཤར་