R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 63
[A:63]ཕྱོགས་ཀྱི་དཔོན་སློབ་རྣམས་ཕྱིར་ཨེ་ཝཾ་དུ་ཐེགས་པའི་རྫོང་ཆོས་དུས་འཁོར་སྡོམ་ཆེན། རྣམ་འཇོམས་མ་ཎི་བཛྲ། འཇིགས་བྱེད་ཞེ་དགུ་མའི་སྟོད་ལས་སྨད་ལས་ཀྱི་དབང་གོ་གཉིས། དེ་དག་གི་ཡིག་ལུང་མཐའ་དག་གནང་བའི་ཕྱག་ཕྱིར་ཐོབ། རྗེ་ངོར་ཆེན་ཤར་ཕྱོགས་མ་ཐེགས་ཁར། ཐུགས་ནང་བསྟན་གྱི་བཀའ་བཀོད། བདུད་རྩི་རིལ་བུའི་གནང་སྦྱིན། རྟེན་འབྲེལ་གྱི་བསྒྲིགས་ཕྱོགས་ཆེ་བའི་གནས་ཡོད་གསུང། སྔར་ཐོབ་ཀྱང་རྒྱལ་བ་དོན་ཡོད་གྲུབ་པར་བསྒོམ་པའི་བླ་མའི་རྣལ་འབྱོར། ཚར་གསུམ་ཁུག་པའི་བྱིན་རླབས་ཞར་བྱུང་མན་ངག་དྲུག་དང་བཅས་པ་སྐྱར་ནས་བསྩལ། ཟླ་མེད་པའི་ཐུགས་རྗེས་གཟུང། དཔལ་ཨེ་ཝཾ་ཆོས་ལྡན་ཉིད་དུ་ཕེབས་ནས་ཡར་ཕྱོགས་འཕྲོས་གཏམ་བྱུང་རེས་ཀྱིས་ངེད་རང་གི་མིང་ནས་འབོད་པར་མཛད། ཁོང་ལ་དགོས་ན་སྙིང་སླངས་ཀྱང་སྟེར་ནུས་པ་ཙམ་འདུག་གསུང། དགྱེས་པའི་བཀའ་ལུང་འཇེན་པ་ལན་ཅིག་མ་ཡིན་པར་བསྩལ། བླ་མའི་ཐུགས་ཟིན་གྱིས་སྡུག་ཡུས་ཆེན་པོ་ཡོད། ཕྱིས་ལོ་བཅུ་ནས་ཇོ་མཇལ་ལ་ཡོང་དུས། ཡུམ་ནས་ལམ་མི་ཆགས་རྗེ་དྲུང་བསྙགས་ཡོང་བས། གཞན་ངོར་སྐུ་ཁམས་ཤིན་ཏུ་དུབ་པ་འདུག། ཁྱེད་མེས་པོ་ཤི་མཚམས་ཕ་བསྙགས་པ་ཁྲེལ་མ་ལོག་པའི་དམ་ཚིག་ཡིན་གསུང། ལམ་དུས་ཀྱི་གསོ་ཆོག་གནང་དུས་ཕྱག་གསེར་སྲང་གང་གི་འབུལ་བ་ཕུལ། སྙུང་བའི་སྟབས་ན་ཞབས་དབང་སོགས་ནི་མི་གནང་འདུག། དཔོན་པོ་མཇལ་བའི་རྗེས་མ་དེ་ཉིད་ཡིན། སྤྲེལ་ལོའི་སྟོན་དེ་དྲུང་པ་ཆོས་རྗེས་བཀའ་ཞལ་མཁྱེན་གྱི་ཚུལ་དུ། ན་ནིང་བར་དབུས་གཙང་ཕྱོགས་སུ་ལོ་ལྔ་བསྡད་པའི་སློབ་གཉེར་དེ་ལས། ལོ་གཅིག་གི་ནན་ཏན་འདིར་འབད་པ་ངོས་རྔོ་ཐོགས་པ་ཞིག་བྱུང། རེ་ཞིག་