[A:65]རློམས་པའི་སྡིག་ཅན། འཁྲུལ་སྣང་ལ་ཚད་མར་འཛིན་པའི་ལོག་ཤེས་ཅན་ཅིག་ཡོང་བ་ཡོད་དེ། མར་ཐར་པའི་ལམ་སྟོན་དེས་ངན་འགྲོའི་སྒོ་དང་གཅིག་པུ་བཀག་པའི་དྲིན་ཡང་ལོན་པ་མེད། དེ་ལོ་དྲུང་པ་ཆོས་རྗེ་ཉིད་ཀྱིས་སྒྲུབ་ཁང་དུ་ཉིན་རེ་བཞིན་ཕེབས། རྒྱུ་ལམ། འཆག་མེད་ཁྱི་ཁ་གསོ་བསྩལ་མཚམས། ཤིན་ཏུ་བཅད་བྱ་དམ་པ། ཐུན་མཚམས་སུའང་མི་ཚིགས་གཏན་མི་འདྲེ་བ། དགོས་བྱའི་བརྡ་སྦྱོར་ཡོད་ནའང་སཾ་བྷོ་ར་ཁོ་ན་ལ་བརྒྱུད། གཡོག་གཅིག་ལས་མི་སུ་ལ་ཡང་མི་འཕྲད་པའི་དབེན་པ་བསྟེན་ཅིང། དེ་སྐབས་ཀྱི་གནང་ཆགས་ཀྱིས་སྐྱབས་འགྲོའི་རྟིང་བསྐུལ་འཚང་འབྲུ་འབའ་ཞིག་གི་བཀའ་ཐོས་གཡེང་བ་མེད་པར་གཅུན། ཟླ་ངོ་དགུའི་རིང་ལ་ཁ་གསོའི་སྦྱིན་སྲེག་དང་བཅས་པ་བར་ཆད་མེད་པར་མཐར་ཕྱིན་མཚམས། སྒྲུབ་སྐྲ་འབུམ་པ་ལ་ཕྱིན་པས། དྲུང་པ་ཆོས་རྗེ་ཐུགས་ལྷག་པར་དགོད་པའི་འཛུམ་ཞལ་དང་བཅས། ལོ་ཚོད་དང་བསྟུན་པའི་སྙིང་རུས་ཀྱང་དགའ་ཚད་འདུག། ད་རྡོ་རྗེ་སློབ་དཔོན་ཆེན་པོའི་གནས་ཐོབ། རྔ་བརྡུངས་ན་སྐབས་སུ་བབ་པའི་དུས་བཏོལ་བ་ཡིན་ཏེ། སྤྱང་ཨ་ཕོའི་ཡུག་ས་ལྟར། སྔར་དོས་དྲག་གྲགས་པས་ད་ཇི་ལྟར་ཡོང་ངམ་གསུང། དེ་ཇི་ལྟ་བ་བཞིན་ཕྱིས་རིམས་ཀྱིས་སྤྲོས་བཅས་ཀྱི་བྱ་བ་ལ་ཡིད་མི་འཇུག་པའི་ལེ་ལོར་སྤྱོད་པ་ཞིག་བྱུང། སྐབས་དེར་ཞག་འགའ་ལུས་གསོ་བ་ཚུན་གྱི་མཚམས་མ་གྲོལ་བར་གུང་ཇའི་སྐབས་སྐུ་མདུན་དུ་ཇོ་བོའི་ཆོས་ཆུང་བརྒྱ་རྩ། ལམ་ཡིག་ཆེ་ཆུང། སོ་སོར་ཐར་པའི་མདོ། བུ་སྟོན་ཐམས་ཅད་མཁྱེན་པའི་འདུལ་བའི་ལས་ཆོག་རྣམས་ཀྱི་ལུང་ཞུ་བ་སོགས་ཟླ་ཕྱེད་ཙམ་དབེན་པ་བསྟེན་མཚམས། མཁན་རིན་པོ་ཆེའི་འབོད་མི་རྐང་བཙུགས་གནང་བྱུང་བས། སྐྱེས་མདུན་