[A:66]དགོན་སར་ཕྱིན། བསྐྱེད་རྫོགས་སྦྲགས་པའི་གཤེད་དམར་སྤྲོས་མེད་ཀྱི་ཁྲིད། བིརྭ་པའི་གཞུང་བརྒྱད། གློ་བོ་ལོ་ཙཱ་བའི་ཡིག་ཆ་མཐའ་དག། དོལ་པོ་དབང་བརྩོན་སོགས་ཀྱིས་ཟིན་བྲིས་རྒྱས་པར་ཐོབ། ཁྱད་པར་ཐུབ་པ་དགོས་གསལ། སྡོམ་རིག་རྣམ་པ་གཉིས་རྣམས་ལ་ས་སྐྱ་པཎ་ཆེན་གྱི་གསུང་ཐོར་བུ་བས་རྒྱན་པའི་ཞུབ་འགྲེལ། འཐེབ་སྦྱོར་སྤྱི་གནས་གནང་ཞིང། ཡང་དགོས་རིག་གཏེར་རང་འགྲེལ་གྱི་སྐྱར་ཆོས་ནན་ཆགས་འཇམ་དབྱངས་ཤེས་རབ་རྒྱ་མཚོས་ས་པཎ་ལས་དངོས་སུ་གསན་པའི་བཤད་རྒྱུན་ཐུན་མོང་མ་ཡིན་པ་དགེས་པར་སྩལ། དེ་མཚམས་དྲག་པ་ཉུང་བསྡུས་ཁོ་ན་ལ་ས་པཎ་གྱིས་དབྱིག་གཉེན་ལས་དངོས་སུ་གསན་པའི་མཛོད་ཀྱི་བཤད་རྒྱུན་སོས་སྟོན་པཎ་ཆེན་ནས་བརྒྱུད་པའི་ལུང་བཤད། ཨིནྡྲ་མཁའ་སྤྱོད། ནཱ་རོ་མཁའ་སྤྱོད། མཻ་ཏྲི་མཁའ་སྤྱོད་དེ་ས་སྐྱ་པའི་མཆོག་སྒྲུབ་པའི་དམར་མོ་སྐོར་གསུམ་གྱི་བྱིན་རླབས་ཡག་ལུང་སོ་སོ། ཨོཾ་གསུམ་མའི་སྔགས་བཏུ། ཚོགས་མཆོད་བྱིན་རླབས། སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་རྗེ་བཙུན་གྲགས་པའི་ཡིག་ཆའི་ཞལ་ཤེས་ཆོས་རྗེ་པཎྜིཏས་མཛད་པའི་དམིགས་པ། རྩ་དབུ་མའི་ཉམས་ཁྲིད། བླ་མ་བསམ་གཏན་འོད་ཟེར་བས་བལ་པོ་མཧྣvc: མཧཱབོ་དྷི་ལ་གསན་པའི་བདེ་མཆོག་བོང་ཞལ་མའི་རྫོགས་རིམ་དམིགས་ཕྲན་དེ་ཉིད་མངོན་བརྗོད་བླ་མའི་རྒྱུད་དང་སྦྱར་བའི་སྒོམ་བྱ། མགོན་པོ་ཕྱག་བཞི་པའི་ཕྱི་ནང་གསང་གསུམ་གྱི་རྗེས་གནང་དབང་བསྐུར། སྒྲུབ་སྐོར། ཕྲིན་པོད། རྒྱབ་རྟེན་མགོན་པོ་སྔོན་བྱུང་གི་རྒྱུད་ལུང། རྒྱུད་ནས་བཤད་པའི་མགོན་པོ་དཀར་པོའི་ཚེ་སྒྲུབ་རྣམས་གནང་མཚམས། རྣམ་རྒྱལ་ཆོས་སྡེར་དུས་ཆོས་ཀྱི་ཕར་ཚད། རོང་ཊཱིཀ་གི་གཏོང་ཆོས། རྗེ་རོང་སྟོན་གྱིས་མཛད་པའི་