[A:70]དམར་གྱིས་མཛད་པའི་ལཱུ་ཨི་བའི་རྣམ་བཤད་ལ་སྐྱར་ཆོས་ཀྱི་ཟིན་ཐུན་རྫོགས་པར་སྐྱར་ཅག་བྱས། རྣམ་སྲས་སེར་ཆེན་ཞི་དྲག་གི་རྗེས་གནང་དང་འབྲེལ་བར། རྡོ་རྗེ་ས་འོག་གར་མཁན་མཆོག་གི་རྒྱུད་དག་ལས་བྱུང་བའི་འགྲོ་བཟང་སྙིང་པོ། ཟངས་དཀར་ལོ་ཙཱ་བ། བུ་སྟོན་ཡབ་སྲས་རྣམས་ཀྱི་ཡིག་ཆ། རྟ་བདག་སོ་སོའི་ལས་ཚོགས་དང་བཅས་པ་དགྱེས་བཞིན་དུ་སྩལ། སྐབས་ཤེད་བྱམ་vc: བྱམསགླིང་དུ་པཎ་ཆེན་རིན་པོ་ཆེ་ལ་འཇིགས་བྱེད་ས་ལུགས་ཀྱི་དབང། རྟོག་བདུན་ལ་ལུགས་གཉིས་ཀྱི་མཆན་བུ་སོ་སོ། འགྲེལ་པ་ཕན་ཚུན་ལ་བརྟེན་པའི་བཤད་པ། སྔགས་བཏུའི་བྱིན་རླབས། བླ་ཆེན་ཆོས་དཔལ་བཟང་པའི་ཡིག་ཆའི་སྟེང་ནས་རྭ་རྩེ་སེམས་འཛིན་གྱི་ཁྲིད། ལས་གཤིན་འཁོར་བཅས་ཀྱི་རྗེས་གནང། དུག་དབང་རྨ་བྱ་རྒྱས་པ། རྭ་པོད་ཤིན་ཏུ་རྒྱས་པའི་ལུང་རྣམས་ཞུས། སྟོན་སེར་བྲག་དཀར་དུ་ཀྱཻ་རྡོར་ཌོཾ་བྷི་ལུགས། མཚོ་སྐྱེས་ལུགས། ནག་པོ་ལུགས་ལ། སྐུ་གསུང་ཐུགས་སྙིང་པོ་ཀྱཻ་རྡོ་རྗེ་དང་བཞིར་ཕྱེ་བའི་དབང། གུར་སཾ་གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུའི་ལུང། བདེ་མཆོག་མ་ཧཱ་མཱ་ཡའི་དབང། རྒྱུད་ཆུང་ལེའུ་གསུམ་པ་ལྷོ་མཁར་རྡོ་རྗེ་སྙིང་པོའི་འགྲེལ་པ་དང་སྦྱར་བའི་བཤད་པ། སློབ་དཔོན་ཀུ་ཀུ་རི་པ་ཉིད་ཀྱིས་སྤྲོས་མེད་རྒྱ་གཞུང་ལྟར་སྙིང་ཀའི་དཔའ་བོ་འགའ་ཞིག་པའི་རྫོགས་རིམ་དམིགས་པ། སྒྲུབ་ཐབས་རྨོངས་པ་སྒྲོལ་བའི་བརྟག་པ། དཀྱིལ་ཆོག་རིམ་པ་གསུམ་པ། འཕགས་པའི་མངོན་དཀྱིལ། བདེ་མཆོག་སངས་རྒྱས་ཐོད་པ། རྡོ་རྗེ་མཁའ་འགྲོ་རྣམས་ཀྱི་དབང། རྗེ་དབོན་ལྷ་སྲས་གཞོན་ནུ་ཀུན་བཟང་དབང་ཕྱུག་པའི་ཆེ་འདོན། མདོ་སྔགས་གཉིས་ཀ་ལ་གྲྭ་སྐོར་མཛད་པའི་དགོངས་པས། སྔོན་སློབ་དཔོན་ཆེན་པོ་དྷརྨཱ་